རླབས་ཆེ་བའི་ལོ་རྒྱུས་ཀྱི་འཕོ་འགྱུར། བརྗིད་ཆགས་པའི་དུས་རབས་ཀྱི་འགྱུར་ལྡོག

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༣ ཚེས ༢༩ ཉིན།  མི་དམངས་ཉིན་རེའི་ཚགས་པར་ཐོག་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བར་དྲན་གསོ་ཞུ་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་ཀྱི་མཚན་འགོད་རྩོམ་ཡིག་རླབས་ཆེ་བའི་ལོ་རྒྱུས་ཀྱི་འཕོ་འགྱུར།  བརྗིད་ཆགས་པའི་དུས་རབས་ཀྱི་འགྱུར་ལྡོག་ཞེས་པ་སྤེལ་ཡོད། 
རྩོམ་ཡིག་ནང་།  ལོ་ངོ་ ༦༠ ཡི་གོང་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཚོའི་སྣེ་ཁྲིད་དེ་བོད་ཀྱི་ལོག་སྤྱོད་ཚོགས་པས་བསླངས་པའི་དྲག་པོའི་ཟིང་འཁྲུག་ཞོད་འཇགས་སུ་བཏང་བ་དང་།  དམངས་གཙོའི་བཅོས་བསྒྱུར་བྱས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་བས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ།  བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་དག་དང་འདྲ་བར་སྤྱི་ཚོགས་རིང་ལུགས་ཀྱི་འོད་སྟོང་འབར་བའི་ལམ་ཆེན་ཐོག་བསྐྱོད་ཐུབ་པ་བྱུང་ཡོད་ཅེས་འཁོད་ཡོད། 
རྩོམ་ཡིག་ནང་།  ལོ་ངོ་ ༦༠ རིང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་འཁུར་དང་རྒྱལ་ཡོངས་མི་དམངས་ཚོའི་སྒེར་སེམས་མེད་པའི་ཤུགས་ཆེའི་རྒྱབ་སྐྱོར་འོག  བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར།  སྤྱི་ཚོགས།  རིག་གནས།  སྐྱེས་ཁམས་སོགས་ཀྱི་བྱ་བཞག་ཁག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་བོད་ལྗོངས་མི་རིགས་ཁག་གི་མི་དམངས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།  བོད་དུ་ས་སྐྱེས་རྡོ་སྐྱེས་བ་ཞིག་དང་བོད་དུ་ལོ་ངོ་བཅུ་གྲངས་ལས་ཀ་བྱེད་མྱོང་བའི་མི་རིགས་ལས་བྱེད་པ་ཞིག་གི་ངོས་ནས།  ངས་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་ཐོག་ནས་ལོ་ངོ་ ༦༠ རིང་བོད་ལྗོངས་འདི་ཉིད་མུན་ནག་ནས་འོད་ཟེར་ཕྱོགས་དང་།  རྗེས་ལུས་ནས་ཡར་ཐོན་ཕྱོགས།  དབུལ་ཕོངས་ནས་འབྱོར་ཕྱུག་ཕྱོགས།  སྒེར་སྡོམ་ནས་དམངས་གཙོའི་ཕྱོགས།  བཀག་སྡོམ་ནས་སྒོ་དབྱེའི་ཕྱོགས་བཅས་སུ་བསྐྱོད་པའི་ཆོད་བསྡོམས་དེ་བརྒྱབ་ཡོད་ཅེས་འཁོད་ཡོད། 
རྩོམ་ཡིག་ནང་།  ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་གྱི་འཐབ་རྩོད་ནི་རང་སྐྱོང་དང་ཆོས་ལུགས།  མི་རིགས།  འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་གནད་དོན་མ་ཡིན་པར་ཡར་རྒྱས་དང་ཕྱིར་གཤོལ་དབར་དང་།  གཅིག་གྱུར་དང་ཁ་ཕྲལ་དབར་གྱི་འཐབ་རྩོད་ཅིག་རེད།  ཏཱ་ལའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་ཕྲལ་དང་ལམ་ལུགས་རྙིང་པ་སླར་གསོ་བྱེད་འདོད་དེ་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཚོས་ཁས་ལེན་མི་སྲིད་ལ།  ཁོང་ཚོའི་དམིགས་ཡུལ་དེ་དུས་ནམ་ཡང་སྒྲུབ་ཐུབ་ཀྱི་མ་རེད་ཅེས་འཁོད་ཡོད། 
རྩོམ་ཡིག་ནང་།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་དབུ་ཁྲིད་འོག  བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཚོས་དམངས་གཙོའི་བཅོས་བསྒྱུར་གྱི་རླབས་ཆེའི་གྲུབ་འབྲས་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ།  དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་བྱས་ཐོག་དམངས་སེམས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་ནས་མཐུན་སྒྲིལ་དང་དམངས་གཙོ།  འབྱོར་ཕྱུག  ཤེས་དཔལ།  ཞི་མཐུན།  མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་བྱ་བཞག་ལ་རྒྱལ་ཁ་དེ་བས་ཆེ་བ་ཐོབ་ངེས་རེད་ལ།  མི་རིགས་ཁག་གི་མི་དམངས་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་རེ་འདོད་ཀྱང་འགྲུབ་ངེས་རེད་ཅེས་འཁོད་ཡོད།། 
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

འབྲེལ་ཡོད་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]