དེ་བས་རྣམ་པར་བཀྲ་བའི་སྐལ་བཟང་མེ་ཏོག་གངས་ལྗོངས་ས་མཐོར་བཞད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བའི་སྐབས་ཏེ་སྤྱི་ཚེས ༢༨ ཉིན།  ཤིན་ཧྭ་གསར་འགྱུར་ཁང་གིས་དེ་བས་རྣམ་པར་བཀྲ་བའི་སྐལ་བཟང་མེ་ཏོག་གངས་ལྗོངས་ས་མཐོར་བཞད་ཅེས་པའི་དཔྱད་གཏམ་པའི་རྩོམ་ཡིག་སྤེལ་ཡོད། 
རྩོམ་ཡིག་ནང་། སྤྱི་ལོ ༡༩༥༩ ལོའི་ཟླ ༣ ཚེས ༢༨ ཉིན་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པ་བཟོས་ཏེ།  འཛམ་གླིང་གི་ཡང་རྩེར་གྲགས་པའི་གནའ་བོའི་ས་གཞི་འདིའི་ཐོག་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུ་བྱུང་སྟེ་དུས་དེ་ནས་བཟུང་ལོ་རྒྱུས་ཀྱི་ལེའུ་གསར་པ་བརྩམ་འགོ་ཚུགས་ཡོད་ཅེས་འཁོད་ཡོད། 
རྩོམ་ཡིག་ནང་། ལོ་ངོ་ ༦༠ ཡི་རིང་བོད་དུ་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་ལྡབ ༡༩༡ འཕར་བ་དང་།  ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་འཚོགས་ནས།  བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་གོང་འཕེལ་ཡོང་རྒྱུར་སྣེ་ཁྲིད་དང་སྐུལ་སྤེལ་བཏང་བས།  བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཚོའི་འཚོ་བ་རྒྱུན་ཆད་མེད་པར་ལེགས་བཅོས་བྱུང་ནས་འཚོ་བ་ཇེ་ཡག་ཏུ་ཕྱིན་ཡོད་ཅེས་འཁོད་ཡོད།

རྩོམ་ཡིག་ནང་། མི་རིགས་མཐུན་སྒྲིལ་ནི་སྤྱི་ཚོགས་ཞི་མཐུན་གྱི་རྨང་གཞི་དང་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཚོའི་སྲོག་རྩ་ལྟ་བུ་རེད།  ལོ་ངོ་ ༦༠ ཡི་རིང་བོད་ཀྱི་གོང་འཕེལ་བརྒྱུད་མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་ཡིན་པ་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པ་གསལ་པོར་མངོན་ཡོད་པས།  མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་བརྟན་སྲུང་བྱས་ནས་མི་རིགས་ཁག་རྡོག་རྩ་གཅིག་ཏུ་སྒྲིལ་ཚེ།  གཞི་ནས་བོད་དུ་དུས་བདེ་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་སྲ་བརྟན་ཐུབ་རྒྱུ་དང་གྲ་རྒྱས་གོང་འཕེལ་གྱི་རྣམ་པ་གཞི་ནས་ཇེ་ཡག་ཏུ་འགྲོ་ཐུབ་རྒྱུ་རེད་ཅེས་འཁོད་ཡོད།

མཇུག་ཏུ་རྩོམ་ཡིག་ནང་། དུས་རབས་གསར་པའི་ཉི་འོད་བསུས་ནས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་དེ།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག  བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཚོས་བློ་སེམས་གཅིག་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་ངང་འབད་འཐབ་བྱས་ཚེ།  གངས་ལྗོངས་ས་མཐོར་དེ་བས་མཛེས་སྡུག་ལྡན་པའི་དུས་རབས་གསར་པའི་ངོ་མཚར་གཏོད་ཐུབ་ངེས་ཡིན་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་འཁོད་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]