རླབས་ཆེའི་འཕོ་འགྱུར་བློ་ལ་བརྟན་པོར་ངེས་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་ཀྱི་སྟོབས་ཤུགས་འདོན་སྤེལ་བྱེད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༣ པའི་ཚེས ༢༨ ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག  རླབས་ཆེའི་འཕོ་འགྱུར་བློ་ལ་བརྟན་པོར་ངེས་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་འདོན་སྤེལ་བྱེད།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བར་དྲན་གསོ་ཞུ་ཞེས་པའི་ཆེད་བརྗོད་སྤེལ་ཡོད།

ཆེད་བརྗོད་ནང་།  ད་ལོ་ནི་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བའི་ལོ་ཞིག་རེད་ལ།  བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱས་ནས་ལོ ༡༠ འཁོར་བའི་ལོ་ཞིག་ཀྱང་རེད།  སྐྱིད་པའི་ཉིན་མོ་དེར་ང་ཚོས་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བློ་དཀར་འཚམ་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད།

ཆེད་བརྗོད་ནང་།  ལོ་དྲུག་ཅུའི་རིང་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཟིང་འཁྲུགས་ཞོད་འཇགས་བཏང་བ་དང་དམངས་གཙོའི་བཅོས་བསྒྱུར་བྱས་པས།  བོད་ཀྱི་ལོ་རྒྱུས་ཐོག་གི་དུས་རབས་དབྱེ་བའི་སྤྱི་ཚོགས་འཕོ་འགྱུར་གྱི་འགོ་ཚུགས་པ་དང་བོད་ཀྱི་ལོ་རྒྱུས་ཐོག་དུས་རབས་གསར་པ་བཏོད་ཡོད།  ད་ལྟའི་བོད་ལྗོངས་ནི་དཔལ་འབྱོར་གྲ་རྒྱས་གོང་འཕེལ་དང་སྤྱི་ཚོགས་ཁྱོན་ཡོངས་ཡར་རྒྱས།  སྐྱེ་ཁམས་ཁོར་ཡུག་ལེགས་པ།  མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་གྲ་རྒྱས་ཕུན་སུམ་ཚོགས་པ་དང་གསོན་ཉམས་དོད་ལ་མཛེས་སྡུག་ལྡན་པའི་རྣམ་པས་ཁེངས་ཡོད་ཅེས་འཁོད།

ཆེད་བརྗོད་ནང་།  དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་དུས་རབས་གསར་པར་རྒྱང་བསྐྱོད་གསར་པ་བྱེད་སྐབས།  ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་རྒྱུན་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས།  མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བཅས་བྱས་ཚེ།  གཞི་ནས་བོད་ལྗོངས་གོང་འཕེལ་ཡར་རྒྱས་ཀྱི་རྨང་གཞི་བརྟན་པོ་འདིང་ཐུབ་པ་དང་འོད་ཟེར་ལྡན་པའི་མདུན་ལམ་གཏོད་ཐུབ་རྒྱུ་རེད།  དེ་ནི་ལོ་རྒྱུས་ཀྱི་ཕྱོགས་བསྡོམས་གཏིང་ཟབ་བྱས་པ་ཞིག་རེད་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་བསམ་འདུན་ཡང་རེད།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་བརྟན་དབུ་ཁྲིད་འོག་དམངས་གཙོའི་བཅོས་བསྒྱུར་གྱི་རླབས་ཆེའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས།  མཐུན་སྒྲིལ་འབད་འཐབ་ཀྱི་བློ་སྟོབས་བརྟན་དུ་བཏང་ཚེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་འདོན་སྤེལ་ཐུབ་སྟེ།  བོད་ལྗོངས་གྲ་རྒྱས་གོང་འཕེལ་གྱི་ལེའུ་གསར་རྐྱང་རྩོམ་ཐུབ་ངེས་རེད་ཅེས་འཁོད་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]