དམངས་གཙོའི་བཅོས་བསྒྱུར་བྱས་པ་བརྒྱུད་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཡར་རྒྱས་འགྲོ་རྒྱུར་སྐུལ་སྤེལ་ཆེན་པོ་ཐེབས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས ༢༧ ཉིན་འགྲེམས་སྤེལ་བྱས་པའི་༼ རླབས་ཆེའི་མཆོང་སྐྱོད། བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བ ༽ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་།  དམངས་གཙོའི་བཅོས་བསྒྱུར་བྱས་པ་དེས་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཡར་རྒྱས་འགྲོ་རྒྱུར་སྐུལ་སྤེལ་ཆེན་པོ་ཐེབས་ཡོད་ཅེས་འཁོད་ཡོད།  
རྒྱབ་ཤ་དཀར་པོའི་དེབ་ནང་།  ལོ་ངོ་ ༦༠ ཡི་རིང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་འཚོ་བའི་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་བཅོས་བྱུང་ནས་བདེ་སྐྱིད་ལྡན་ཚད་ཆེ་རུ་ཕྱིན་ཡོད་པ་དང་།  སྤྱི་ལོ ༢༠༡༨ ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར་ཁྲི ༣.༣༧༩༧ ཟིན་པ་དང་གྲོང་གསེབ་ཀྱི་གྲོང་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར་ཁྲི ༡.༡༤༥ ཟིན་ཡོད།  ལོ་ངོ་ ༦༠ ཡི་གོང་འཕེལ་བརྒྱུད་སྤྱི་ལོ ༡༩༥༩ ལོར་བོད་ཀྱི་མི་འབོར་ཁྲི་ཚོ ༡༢༢.༨ ནས་སྤྱི་ལོ ༢༠༡༨ ལོར་ཁྲི་ཚོ ༣༤༣.༨༢ བར་འཕར་སྣོན་བྱུང་ཡོད་པ་དང་།  དེའི་ཁྲོད་བོད་རིགས་ཀྱིས་སྤྱིའི་མི་འབོར་གྱི་བརྒྱ་ཆ་དགུ་བཅུ་ཡན་བཟུང་ཡོད།  བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་སྤྱི་ལོ ༡༩༥༩ ལོའི་གོང་གི་ལོ ༣༥.༥ ནས་ད་ཆའི་ལོ ༦༨.༢ བར་རིང་དུ་ཕྱིན་ཡོད།  ལྗོངས་ཡོངས་ཀྱི་སྦྲུམ་མ་ཚེ་ལས་འདས་ཚད་བཅིངས་འགྲོལ་བཏང་མ་ཐག་པའི་སྐབས་ཀྱི་ཁྲི་ཚོ་བཅུ་ཆ ༥༠༠༠ ནས་སྤྱི་ལོ ༢༠༡༧ ལོའི་ཁྲི་ཚོ་བཅུ་ཆ ༡༠༢ བར་ཆག་ཡོད་པ་དང་།  ཕྲུ་གུ་དམར་འབྱར་ཚེ་ལས་འདས་ཚད་སྟོང་ཆ ༤༣༠ ནས་སྟོང་ཆ ༡༠.༣༨ བར་ཆག་ཡོད།
སྤྱི་ལོ ༢༠༡༩ ལོའི་ཟླ་བ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་།  བོད་དུ་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་མི་རེར་ལོ་རེར་སྒོར ༩༦༠༠ བར་མཐོ་རུ་ཕྱིན་པ་དང་།  གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་མི་གཅིག་ལ་ལོ་རེར་སྒོར ༤༤༥༠ རྒྱུན་འཁྱོངས་ཐུབ་པ།  འགན་ལེན་ལྔའི་འཚོ་སྐྱོང་ཚད་གཞི་མི་གཅིག་ལ་ལོ་རེར་སྒོར ༤༩༤༠ བར་མཐོ་རུ་ཕྱིན་པ་བཅས་བྱུང་ཡོད།  རྒྱལ་ཁབ་བསྡོམས་རྩིས་ཅུས་དང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་སོགས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི CCTV དཔལ་འབྱོར་འཚོ་བའི་བརྟག་ཞིབ་ཆེ་མོའི་ལེ་ཚན་ནང་།  ལྷ་ས་གྲོང་ཁྱེར་འདི་ཉིད་ལོ་ལྔ་བསྟུད་མར་ཀྲུང་གོའི་སྐྱིད་སྣང་དོད་ཤོས་ཀྱི་གྲོང་ཁྱེར་ལ་བདམས་ཐོན་བྱུང་ཡོད་ཅེས་འཁོད་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]