བོད་ལྗོངས་ཉིན་རེའི་ཚཌ་པར་ཐོག་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་༦༠འཁོར་བར་དྲན་གསོ་ཞུ་བའི་མུ་འབྲེལ་དཔྱད་གཏམ་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༣ པའི་ཚེས ༢༨ ཉིན་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་ཀྲུང་གོ་གུང་ཁྲན་ཏང་གིས་དབུ་ཁྲིད་གནང་བའི་སྤྱི་ཚོགས་ཀྱི་རླབས་ཆེའི་འཕོ་འགྱུར།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བར་དྲན་གསོ་ཞུ་བའི་མུ་འབྲེལ་དཔྱད་གཏམ་དང་པོ་དེ་སྤེལ་ཡོད།

རྩོམ་ཡིག་ནང་།  ཀྲུང་གོ་གུང་ཁྲན་ཏང་གིས་བོད་མི་དམངས་ཀྱི་སྣེ་ཁྲིད་དེ་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་པ་དེ་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་གྱི་ཆོས་ཉིད་ལ་བསྟུན་ནས།  གཞི་ཁྱོན་ཆེ་བ་དང་ལོ་ངོ་བདུན་བརྒྱ་ལྷག་ཙམ་རྒྱུན་མཐུད་བྱས་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་མཐའ་མ་དེ་མགོ་རྡིང་སློག་ནས།  འཛམ་གླིང་ཤེས་དཔལ་ལོ་རྒྱུས་ཐོག་འོད་སྟོང་འབར་བའི་ལོ་རྒྱུས་གཏོད་པ་ཞིག་དང་།  ཀྲུང་གོའི་ལོ་རྒྱུས་གོང་འཕེལ་གྱི་ཆོས་ཉིད་དང་བསྟུན་ནས་བོད་ཀྱིས་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་ལོ་རྒྱུས་ཀྱི་ལས་འགན་ལེགས་སྒྲུབ་བྱས་པ་ཞིག  བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོ་འགོ་ཚུགས་ཏེ་བོད་དུ་མི་དམངས་དམངས་གཙོ་དར་བའི་ཡོངས་བསྒྲགས་བྱས་པ་ཞིག  བོད་ལྗོངས་མི་དམངས་ཀྱི་རེ་བ་དང་བསྟུན་ནས་བོད་ལྗོངས་མི་དམངས་རྣམས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་འཆིང་ཐག་དང་ལྕགས་སྒྲོག་ལས་ཡོངས་སུ་གྲོལ་ཐུབ་སྟེ།  དམངས་གཙོ་རང་དབང་བྱུང་བ་ཞིག་བཅས་རེད་ཅེས་འཁོད་ཡོད།

རྩོམ་ཡིག་ནང་།  ལོ་ངོ་ ༦༠ ཡི་རིང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་བརྗེད་མྱོང་མེད་པར་དམངས་གཙོའི་བཅོས་སྒྱུར་བྱས་ཚུན་བོད་ཀྱི་དམངས་གཙོ་ཆབ་སྲིད་དང་དཔལ་འབྱོར་སྤྱི་ཚོགས།  མི་དམངས་ཀྱི་འཚོ་བ།  རིག་གནས་སློབ་གསོ།  སྐྱེ་ཁམས་ཁོར་ཡུག་སོགས་ཕྱོགས་མང་པོའི་ཐད་ཐོབ་པའི་གཡུར་ཟའི་གྲུབ་འབྲས་སྣང་མེད་དུ་བཏང་ནས།  དམངས་གཙོའི་བཅོས་བསྒྱུར་གྱི་རླབས་ཆེའི་གྲུབ་འབྲས་རྡོག་རོལ་དུ་གཏོང་བ་དང་།  བོད་ལྗོངས་གོང་འཕེལ་ཡར་ཐོན་ལ་རྐང་བཙུགས་ནས་གཏོར་བཤིག་བཏང་སྟེ།  ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས།  མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་ཁས་ལེན་མ་བྱས་པར་ཁོ་པས་བོད་རང་བཙན་ཟེར་བ་དང་བོད་ཀྱི་སྤྱི་ཚོགས་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སླར་གསོ་བྱེད་པའི་ལྐོག་གཡོ་སྒྲུབ་རེ་བྱེད་ཀྱི་ཡོད།  ང་ཚོས་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བར་དྲན་གསོ་བྱེད་སྐབས་ལོ་རྒྱུས་ཁྲོད་ནས་ཡིན་མིན་གསལ་འབྱེད་བྱེད་པ་དང་།  ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོ་གསལ་རྟོགས་མཐར་ཕྱིན་བྱས་ཏེ།  བློ་བརྟན་འགྱུར་མེད་ངང་དམངས་གཙོའི་བཅོས་བསྒྱུར་གྱི་རླབས་ཆེའི་གྲུབ་འབྲས་སྲུང་སྐྱོང་བྱེད་པ་དང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་རིག་གཞུང་གི་གདེང་ཚོད།  ལམ་ལུགས་ཀྱི་གདེང་ཚོད།  རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་བཏང་ཐོག་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་བྱས་ནས།  ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ལེའུ་ཡག་པོ་རྩོམ་དགོས་ཞེས་འཁོད་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]