ཀྲུང་དབྱང་སྨྱན་སྦྱོར་བཅར་འདྲི་ཚོགས་པའི་གསར་འགོད་པ་དང་ངོ་འཕྲད་ཀྱི་ཚོགས་འདུ་ལྷ་སར་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་ལ་ཉེ་བའི་མཚམས་འདིར།  ཀྲུང་དབྱང་སྨྱན་སྦྱོར་བཅར་འདྲི་ཚོགས་པའི་གསར་འགོད་པ་དང་ངོ་འཕྲད་ཀྱི་ཚོགས་འདུ་སྤྱི་ཚེས ༢༧ ཉིན་གྱི་སྔ་དྲོ་ལྷ་སར་འཚོགས་པ་དང་།  བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་གསར་འགོད་པ་ཚོར་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ཚུན་དུ་ལྗོངས་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་བྱུང་ཚུལ་ངོ་སྤྲོད་གནང་ཡོད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷ།  ཏིང་གཡས་ཤན།  ཀྲོང་ཡན།  ལེའུ་ཅང་བཅས་ཚོགས་འདུར་ཕེབས་པ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཝུའུ་དབྱིང་ཇེ་ནས་གསར་འགྱུར་སྨྱན་སྦྱོར་ཚན་པ་ཁག་གིས་བོད་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ཐད་སྔར་རྒྱུན་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ།  བོད་ལྗོངས་དྲིལ་བསྒྲགས་ཡག་པོ་བྱ་ཆེད་རྒྱབ་སྐྱོར་སྔར་བས་ལྷག་པ་བྱེད་རྒྱུའི་ཐུགས་རེ་གནང་བ་མ་ཟད།  ཁོང་རང་ཉིད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་ངང་དཔེ་མཚོན་སྣ་ཚོགས་བགྲང་སྟེ་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ ཡི་རིང་གི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ཀྱི་གྲུབ་འབྲས་ངོ་སྤྲོད་གནང་ཡོད།

ཝུའུ་དབྱིང་ཇེ་ནས་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་མཐོང་ཆེན་དང་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་དང་ཐུགས་ནུས་ཡོད་རྒུ་འདོན་སྤེལ་གནང་སྟེ།  བོད་ལྗོངས་གོང་འཕེལ་གྱི་ལོ་རྒྱུས་ཀྱི་དུས་སྐབས་ཚང་མར་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་བཏོན་ཏེ།  སྲིད་ཇུས་དང་མ་དངུལ།  རྣམ་གྲངས་སོགས་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས།  བོད་ལྗོངས་འདི་ཉིད་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་གྲ་རྒྱས་གོང་འཕེལ་བྱུང་ཡོད་ཅེས་གསུངས།

ཝུའུ་དབྱིང་ཇེ་ནས་ཏང་ཀྲུང་དབྱང་གི་ཞུམ་མེད་དབུ་ཁྲིད་དང་ཏང་གི་མི་རིགས་སྲིད་ཇུས།  རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རྒྱབ་སྐྱོར་བཅས་འོག  བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་།  ཏང་གི་ཁྲིད་སྟོན་གནང་བའི་ཡང་དག་ཁ་ཕྱོགས་བརྒྱུད་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་གྲ་རྒྱས་གོང་འཕེལ་ཡོང་བ་བྱས་པ།  ལྟ་རྟོགས་རོགས་རེས་དང་བཀའ་དྲིན་ཚོར་བ་བྱས་ཏེ་བྱ་གཞག་ཁག་ཕྱོགས་ཡོངས་ནས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་བས།  དམངས་གཙོའི་ཆབ་སྲིད་དབང་ཆ་འགན་སྲུང་གང་ལེགས་ཐུབ་པ་དང་།  དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཕྱོགས་བདེ་འཁོད་བྱུང་བ།  མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ།  ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱུང་བ།  མི་རིགས་དབར་གྱི་འགྲོ་འོང་དང་སྤེལ་རེས།  འབྲེལ་འདྲེས་བཅས་རྒྱ་ཁྱབ་དང་གཏིང་ཟབ་བྱུང་བ།  ཆོས་དད་རང་མོས་ལ་འགན་སྲུང་གང་ལེགས་ཐུབ་པ།  ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་དུས་བབས་རྒྱུན་ཆད་མེད་པར་སྲ་བརྟན་བྱུང་བ།  མཛེས་པའི་བོད་ལྗོངས་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་དོད་པ་བཅས་ཀྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས།

ཝུའུ་དབྱིང་ཇེ་ནས་གོམ་སྟབས་རྗེས་མར་ང་ཚོས་བརྟན་ལྷིང་གཙོ་བོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  ལོ་རྒྱུས་ཀྱི་འགན་སེམས་དང་འགན་འཁུར་ཕོད་པའི་སྙིང་སྟོབས་ཆེ་རུ་ཏན་ཏིག་བཏང་སྟེ་གོང་འཕེལ་དང་བརྟན་ལྷིང་།  སྐྱེ་ཁམས་བཅས་ཀྱི་ལས་དོན་ཁག་ཏན་ཏིག་སྒྲུབ་ནས་དུས་རབས་གསར་པའི་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་གཏོད་དེ།  གཡུར་ཟའི་གྲུབ་འབྲས་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ཚོར་བ་བྱས་ཏེ།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་ནན་གསུངས་གནང་བ་རེད།

ཚོགས་འདུའི་ཐོག་བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷ།  ཏིང་གཡས་ཤན།  ཀྲོང་ཡན་སོགས་ཀྱིས་ད་དུང་གྲོང་གསེབ་དར་རྒྱས་འཐས་ཇུས་དང་དབུལ་གྲོལ་འགག་སྒྲོལ།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ རིང་གི་གནས་ཚུལ་འགོད་སྤེལ་བྱས་པའི་རྒྱབ་ཤ་དཀར་པོའི་དེབ།  དེ་བཞིན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཐད་གསར་འགོད་པའི་འདྲི་བར་ལན་བསྐྱོན་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]