རང་ལྗོངས་ཀྱིས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་མཁན་སྔོན་ཐོན་ཚན་པ་དང་སྔོན་ཐོན་པར་གཟེངས་བསྟོད་བྱས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཝང་ལིའི། དབྱངས་འཛིན།      སྤེལ་དུས།   2019-11-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གསར་འགོད་པར་སྤྱི་ཟླ་བཅུ་གཅིག་པའི་ཚེས ༢༡ ཉིན།  བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐོང་ཚོགས་བྱས་པའི་ལྗོངས་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་མཁན་སྔོན་ཐོན་ཚན་པ་དང་སྔོན་ཐོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  ལྷ་ས་གྲོང་ཁྱེར་བརྒྱད་གཅིག་ལྷོ་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ལས་གནས་སོགས་ཚན་པ ༢༠ ལ་ལྗོངས་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་མཁན་སྔོན་ཐོན་ཚན་པའི་མཚན་སྙན་རག་ཡོད་པ་དང་།  ཧྥ་ཏིས་མ་སོགས་བློ་མཐུན ༣༩ ལ་ལྗོངས་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་མཁན་སྔོན་ཐོན་པའི་མཚན་སྙན་རག་ཡོད།

བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་དེ་བུད་མེད་ཕྱོགས་ཡོངས་ནས་གོང་འཕེལ་འགྲོ་བ་བྱེད་རྒྱུ་དང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱེད་རྒྱུར་འབྲེལ་བ་ཡོད་ལ།  ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་སྐྱིད་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་བ་བྱེད་རྒྱུར་ཡང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན།

བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་རྒྱ་མཚོ་ལྷ་མོས།  གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་ཚན་པ་དང་སྔོན་ཐོན་པས་མཚན་སྙན་ལ་གཅེས་སྤྲས་བྱེད་པ་དང་།  ཡང་འབད་སྐྱར་འབད་ངང་མུ་མཐུད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་ཁྲོད་གྲུབ་འབྲས་དེ་བས་ཆེ་བ་གཏོད་ཐུབ་རེ་བྱེད་ཀྱི་ཡོད་ཅེས་གསུངས།།

  ༼  མིག་ཚེས་བསྒྱུར། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]