ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཝང་ལི།      སྤེལ་དུས།   2019-04-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་བསྟུན་མར་རང་ལྗོངས་ཀྱི་ས་གནས་ཁག་གིས་རྣམ་པ་འདྲ་མིན་གྱི་དུར་མཆོད་བྱེད་སྒོ་སྤེལ་ཏེ།  གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་རང་སྲོག་བློས་གཏོང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཡོད།།

སྤྱི་ཟླ ༤ ཚེས ༣ ཉིན་གྱི་ཕྱི་དྲོ་བོད་ལྗོངས་སྐྱིད་གྲོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་སྲོལ་རྒྱུན་རྒྱུན་འཛིན་བྱེད་ཅེས་བརྗོད་བྱ་གཙོ་བོར་བྱས་པའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་བ་རེད།  ས་ཚིགས་དེའི་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་སྔོན་གཤེགས་དཔའ་བོ་བསྟན་འཛིན་ངག་དབང་གི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱས་པ་དང་ཁོང་གི་བང་སོར་མེ་ཏོག་སོས་པ་འབུལ་བ་སོགས་ཀྱི་བྱ་ཐབས་བརྒྱུད།  སྔོན་གཤེགས་དཔའ་བོར་མཆོད་འབུལ་དང་དྲན་གསོ་ཞུ་བ།  སྔོན་གཤེགས་དཔའ་བོའི་གསར་བརྗེའི་སྙིང་སྟོབས་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་མ་ཟད།  ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་པ།  མཐའ་མཚམས་ཞི་མཐུན་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཀྱང་མཚོན་པར་བྱས་ཡོད།། 

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]