རྒྱལ་ཡོངས་ཀྱི་བོད་སྐྱོར་རིག་གནས་ཡུལ་སྐོར་མུ་འབྲེལ་སྒོ་རྩིས་ཚོང་ཁང་ཀླུ་ནང་དུ་སྒོ་བྱང་བཀལ།

ཡོང་ཁུངས།   ཤིན་ཧྭ་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་ཡོངས་ཀྱི་བོད་སྐྱོར་རིག་གནས་ཡུལ་སྐོར་མུ་འབྲེལ་སྒོ་རྩིས་ཚོང་ཁང་ཉིན་ཤས་གོང་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གསར་འབྱེད་པ་ཞེས་པའི་གཉིས་གཏོད་ཐོན་ལས་གླིང་ནང་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད།  དེའི་རིང་ཧྥན་ཧྭ་ཚོགས་པ་དང་ཀླུ་ནང་གསར་འབྱེད་པ་ཞེས་པའི་གཉིས་གཏོད་ཐོན་ལས་གླིང་དབར་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་ནས།  ཕྱོགས་གཉིས་པོས་ལག་གདང་སྦྲེལ་ཏེ་རྒྱལ་ཡོངས་ཀྱི་བོད་སྐྱོར་རིག་གནས་ཡུལ་སྐོར་མུ་འབྲེལ་སྒོ་རྩིས་ཚོང་ཁང་ཆེ་མོའི་རྣམ་གྲངས་རྒྱ་སྐྱེད་གཏོང་རྒྱུ་དང་།  རྒྱལ་ཁབ་ཀྱི་རིམ་འདས་རྩིས་རྒྱག་ལྟེ་གནས་དང་ཡིག་རིགས་ལྡིང་མཆོང་སོགས་པའི་ཚན་པ་མང་པོ་དང་མཉམ་འབྲེལ་བྱས་ནས་ས་ཁོངས་དཔལ་འབྱོར་ལ་ཁྱབ་འགྱེད་ཐུབ་པ་དང་།  དྲ་བའི་ཕྱི་ནང་མཉམ་འདྲེས་ཡིན་པའི་ཐོན་སྐྱེད་རྒྱུ་ཆའི་ཁྲོམ་ར་དང་ཐོན་རྫས་ཁྲོམ་ར།  ཞབས་ཞུའི་ཁྲོམ་ར་བཅས་མཉམ་འབྲེལ་ཐོག་གཏོད་དེ་བོད་སྐྱོར་རིག་གནས་ཡུལ་སྐོར་གྱི་སིལ་ཚོང་ཐད་ཁ་ཕྱོགས་ཏེ་རྨང་གཞིའི་ཞབས་ཞུ་དང་གསར་གཏོད་ལས་གཏོད།  ལས་རིགས་ཁྱབ་ཁོངས་མཉམ་ལས་བཅས་ཚུད་པའི་གསར་གཏོད་མཉམ་ལས་བྱེད་སྟངས་ཞིག་བཙུགས་ནས།  བོད་སྐྱོར་རིག་གནས་ཡུལ་སྐོར་སྒོ་རྩིས་ཚོང་ཁང་རྒྱལ་ཡོངས་ས་གནས་ཁག་ཏུ་གང་མགྱོགས་དངོས་ཡོད་ཚོང་ཁང་རྒྱ་ཁྱབ་ཐུབ་པ་བྱེད་རྒྱུ་རེད།  
  

 
ཤེས་རྟོགས་བྱུང་བར་གཞིགས་ན།  རྒྱལ་ཡོངས་ཀྱི་བོད་སྐྱོར་རིག་གནས་ཡུལ་སྐོར་མུ་འབྲེལ་སྒོ་རྩིས་ཚོང་ཁང་དེར་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར༼ ས་ཁུལ༽བདུན་གྱི་བོད་སྐྱོར་རུ་ཁག ༡༧ གྱི་ཐོན་རྫས་རིགས ༤༥༨ དང་ཚོང་ཟོག ༢༠༠༠ ལྷག་ཙམ་བསྡུ་སྒྲིལ་བྱས་ཡོད་ལ་ས་རྒྱ་ཟིན་ཚད་སྨིད་ངོས་གྲུ ༡༤༠༠ དང་ཁྱོན་མ་དངུལ་སྒོར་ཁྲི ༥༢༠ བཏང་ཡོད།  ཀླུ་ནང་གསར་འབྱེད་པ་ཞེས་པའི་གཉིས་གཏོད་ཐོན་ལས་གླིང་ལས་སྟེགས་སུ་བརྩིས་ནས་ལྗོངས་ཡོངས་ལ་ཁྱབ་པ་དང་།  བོད་སྐྱོར་རིག་གནས་ཡུལ་སྐོར་ཐོན་རྫས་དྲ་བའི་ཕྱི་ནང་བརྒྱུད་རྒྱལ་ཡོངས་སུ་འཚོང་གཉེར་བྱེད་པ།  དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་ཡོངས་ཀྱི་རིག་གནས་གསར་གཏོད་ཐོན་རྫས་དང་བོད་ཀྱི་རིག་གནས་ཉམས་ལེན་དང་ཟུང་འབྲེལ་བྱས་ཏེ།  བོད་ཀྱི་རིག་གནས་མྱོང་རོལ་དང་རིག་གནས་ཡུལ་སྐོར་ཁྱབ་སྤེལ།  ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་འགྲེམས་ཚོང་བཅས་བྱས་ཏེ།  བོད་ཀྱི་གསར་གཏོད་དང་ལས་གཏོད།  གནད་འཕིགས་དབུལ་སྐྱོར་བཅས་གཞི་གཅིག་ཅན་དུ་འགྱུར་བའི་བོད་སྐྱོར་བྱེད་སྟངས་གསར་པ་ཤིག་ཏུ་ཆགས་པ་བྱེད་རྒྱུ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]