རྒུ་རུམ་ཤང་ཁྲུང་དཀར་གྲོང་ཚོས་རིག་རྩལ་རུ་ཁག་བཙུགས་ཏེ་མང་ཚོགས་ཀྱི་དངུལ་དམར་ཡོང་འབབ་འཕར་བ་བྱས།

ཡོང་ཁུངས།   བོད་ལྗོངས་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་ཁྲུང་དཀར་གྲོང་ཚོས་རང་ཉིད་ཀྱི་རིག་རྩལ་དྲིལ་བསྒྲགས་རུ་ཁག་བཙུགས་ཡོད།  རིག་རྩལ་རུ་ཁག་བཙུགས་པ་དེས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད།  མང་ཚོགས་ཚོས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་ཏང་གི་མཛད་ཕྱོགས་སྲིད་ཇུས་སོགས་ཀྱང་དྲིལ་བསྒྲགས་བྱེད་ཀྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  ཁྲུང་དཀར་གྲོང་ཚོའི་རིག་རྩལ་དྲིལ་བསྒྲགས་རུ་ཁག་གིས་གྲོང་ཚོའི་དབུལ་ཕོངས་དུད་ཚང་ནས་མང་ཚོགས་མི ༡༥ རིག་རྩལ་རུ་ཁག་གི་ཆེད་ལས་འཁྲབ་སྟོན་པར་བསྡུས་ཏེ་མི་རེར་ཟླ་བའི་གླ་ཕོགས་སྒོར ༣༠༠༠ སྤྲོད་ཀྱི་ཡོད་པས།  དབུལ་སྒྲོལ་ཕྱུག་འགྱུར་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཉིས་ཀར་ལོ་ལེགས་ཡོང་བ་བྱེད་རྒྱུ་མངོན་འགྱུར་ཐུབ་པ་རེད།། 

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]