པ་སྣམ་རྫོང་གིས་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེ་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་ཐབས་བྱས།

ཡོང་ཁུངས།   བོད་ལྗོངས་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོར།  པ་སྣམ་རྫོང་གིས་སྲོལ་རྒྱུན་འདེབས་འཛུགས་ཀྱི་རྨང་གཞིའི་ཐོག་ཧྲན་ཏུང་བོད་སྐྱོར་གྱི་ལེགས་ཆར་བརྟེན་ནས་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེ་བཏང་ཡོད།  འབྲི་ཏཱ་ས་འཛིན་དང་ཁམ་བུའི་དབྱིབས་ཀྱི་ཀྲོ་མ་ཀྲུ།  ཤིང་པའོ་ཤ་མོ།  ཐེབ་ཏོག་ཆུ་ཀུབ་སོགས་སྔོ་ཚལ་དང་ཤིང་ཏོག་གསར་པའི་རིགས་ནང་འདྲེན་བྱས་ཏེ།  སྔོ་ཚལ་ཐོན་ལས་དེ་ཚད་ལྡན་ཅན་དང་ལུགས་མཐུན་ཅན།  རྩེ་གྲ་ཅན་བཅས་སུ་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་བྱས་པ་དང་དུས་མཚུངས་གྲོང་ཁུལ་གྱི་སྒོ་རྩིས་ཚོང་ར་མང་པོ་དང་གཞིས་རྩེའི་ཞིང་ཟོག་ཁྲོམ་རར་ཕྱིར་འཚོང་འབྲེལ་མཐུད་བྱས་པ་མ་ཟད།  ཁེ་ལས་གཙོ་གྲས་ཀྱིས་ཀྱང་གཅིག་གྱུར་ཉོ་སྒྲུབ་ཚོང་གཉེར་བྱེད་རོགས་སོགས་ཀྱི་བྱ་ཐབས་བརྒྱུད།  ཕྱིར་འཚོང་འབྲེལ་མཐུད་ལ་སྐུལ་འདེད་བཏང་བ་དང་ཕྱིར་ཚོང་གི་ལམ་བུ་རྒྱ་ཆེར་གཏོད་པ།  མང་ཚོགས་འབབ་འཕར་ཡོང་བ་བཅས་བྱས་ཡོད།།

  ༼  ཡིག་བསྒྱུར་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]