བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་༦༠འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལྷ་སར་གཟབ་རྒྱས་ངང་འཚོགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཕྱོགས་བསྡུས།      སྤེལ་དུས།   2019-03-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་གསུམ་པའི་ཚེས ༢༨ ཉིན་གྱི་སྔ་དྲོ།  རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲི་ཁ་ལོན་པས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་མཉམ་དུ་འཛོམས་ཏེ།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས་ཡོད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཨང་དང་པོ་ཝུའུ་དབྱིང་ཇེ་ཡིས་རྟེན་འབྲེལ་ཚོགས་ཆེན་ཐོག་གསུང་བཤད་གནང་བ་དང་།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རྟེན་འབྲེལ་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།།

ལོ་རྒྱུས་མ་བརྗེད་ཡིད་ལ་བརྟན་པོར་ངེས། ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས།

སྔ་དྲོའི་ཆུ་ཚོད་བཅུ་པའི་ཐོག་རྒྱལ་དར་བསྒྲེངས་བ་དང་རྒྱལ་གླུ་ལེན་པའི་ཁྲོད་དུ་རྟེན་འབྲེལ་ཚོགས་ཆེན་དངོས་སུ་འགོ་ཚུགས་ཤིང་།  ཚོགས་ཆེན་ཐོག་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་གསུང་བཤད་གནང་ནས་ལོ་ངོ་དྲུག་ཅུའི་གོང་གི་ལོ་རྒྱུས་ལ་ཕྱིར་དྲན་གནང་བ་དང་།  དམངས་གཙོའི་བཅོས་བསྒྱུར་བྱས་ཚུན་གྱི་ལོ་དྲུག་ཅུའི་ནང་ཐོབ་པའི་ཕྱོགས་ཁག་གི་གྲུབ་འབྲས་ཀྱང་གསུངས་གནང་ཡོད།  དེ་མིན་ཚོགས་འདུའི་ཐོག་མང་ཚོགས་ཀྱི་འཐུས་མི་ཁག་གཅིག་གིས་ཀྱང་ལོ་ངོ་དྲུག་བཅུའི་འཕོ་འགྱུར་སྐོར་ལ་གཏམ་བཤད་ལྷུག་གླེང་གནང་ཡོད།།

  ༼  ཡིག་བསྒྱུར་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]