སྟོབས་རྒྱལ་ལ་ཏོ་ཧ་འཛམ་གླིང་ལེཌ་སྐྱེས་འགྲན་བསྡུར་དང་ཐོ་ཁེའུ་ཨོ་རྩལ་འགྲན་ཚོཌ་ཀྱི་མལ་ར་སུན་འགྲན་བསྡུར་ནང་ཞུཌ་དབང་རག

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༤ ཉིན།  གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུད་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ཞུས་ཀྲའུ་རྒྱལ་སྤྱིའི་མལ་ར་སུན་རྒྱུག་ཤར་འགྲན་བསྡུར་སྟེ་ཏོ་ཧ་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་གྱི་སྤྱི་ལོ ༢༠༡༩ ལོའི་མལ་ར་སུན་གྱི་འདེམས་སྒྲུག་འགྲན་བསྡུར་ཁྲོད།  བོད་ལྗོངས་ཀྱི་འགྲན་ཞུགས་པ་སྟོབས་རྒྱལ་གྱིས་ཆུ་ཚོད ༢ དང་སྐར་མ ༡༠ དང་སྐར་ཆ ༣༡ གི་གྲུབ་འབྲས་ཐོག་ནས་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་བླངས་པས།  སྤྱི་ལོ ༢༠༡༩ ལོའི་ཏོ་ཧ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་དང་དུས་སང་གི་ཐོ་ཁེའུ་ཨོ་རྩལ་འགྲན་ཚོགས་ནང་ཞུགས་དབང་རག་ཡོད།།

རང་ལྗོངས་ཀྱི་འགྲན་ཞུགས་པ་ཚེ་རིང་མཚོ་མོས་ཆུ་ཚོད ༢ དང་སྐར་མ ༣༡ དང་སྐར་ཆ ༤༡ གི་ཐོག་ནས་བུད་མེད་ཚོགས་ཆུང་གི་ཨང་གསུམ་པ་བླངས་ཡོད།  དེ་མིན་ད་དུང་ཟླ་བ་སྐྱིད་ལགས་ཀྱིས་བུད་མེད་ཚོགས་ཆུང་གི་ཨང་བཞི་པ་བླངས་པ་དང་།  བསོད་ནམས་ཚེ་རིང་དང་རྟ་མགྲིན་ཚེ་རིང་ལ་ཁག་སོ་སོར་སྐྱེས་པའི་ཚོགས་ཆུང་གི་ཨང་བརྒྱད་པ་དང་བཅུ་པའི་གྲུབ་འབྲས་ཐོབ་ཡོད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]