ལྷ་ས་དགེ་འོས་མཐོ་རིམ་ཆེད་ལས་སློབ་གྲྭར་བསྒྱུར་བཅོས་ཀྱི་གདོང་ལེན་པ་སློབ་གྲྭར་སྐྱོད་ཞེས་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   རྡོ་རྗེ་ཚེ་རིང་།      སྤེལ་དུས།   2019-03-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༣ ཚེས ༢༢ ཉིན།  རང་སྐྱོང་ལྗོངས་དྲིལ་བསྒྲགས་པུས་སྒྲིག་འཛུགས་དང་སྣེ་ཁྲིད་བྱས་ཤིང་།  རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་སྡེ་ཚོགས་ལྗོངས་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་སྤེལ་བའི་བསྒྱུར་བཅོས་ཀྱི་གདོང་ལེན་པ་སློབ་གྲྭར་སྐྱོད་ཅེས་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་ཐེངས་གསུམ་པའི་སྙན་ཞུའི་ཚོགས་འདུ་ལྷ་ས་དགེ་འོས་མཐོ་རིམ་ཆེད་ལས་སློབ་གྲྭར་འཚོགས་པ་དང་།  དགེ་སློབ་ཀྱི་འཐུས་མི ༢༠༠ ལྷག་ཙམ་གྱིས་ས་གནས་ས་ཐོག་ཏུ་སྙན་ཞུ་ཉན་པ་རེད།

སྙན་ཞུའི་ཚོགས་འདུའི་ཐོག  སྒྲོག་འགྲེལ་པ་ཚོས་རང་ཉིད་ཀྱི་ལས་ཀ་དང་འཚོ་བའི་ཐོག་ནས་བསྒྱུར་བཅོས་སྒོ་དབྱེ་བྱས་པའི་རླབས་ཆེའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་།  བོད་ལྗོངས་གོང་འཕེལ་གྱི་ངོ་མཚར་བརྒྱུད་རིམ་བཤད་ནས།  རྒྱ་ཆེའི་སློབ་གྲྭ་ཆེ་མོ་བས་དུས་རབས་གསར་པའི་ལམ་བུའི་ཐོག་འབད་འཐབ་གྱི་སྤྲོ་སེམས་འཕེལ་བ་བྱས་ཏེ་རང་ཉིད་ཀྱི་ཕུགས་འདུན་མངོན་པ་བྱེད་དགོས་པའི་ཐུགས་རེ་གནང་བས་ཚོགས་རའི་ནང་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད།།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]