འཛམ་གླིང་གི་ཆུའི་ཉིན་མོ་དང་ཀྲུང་གོའི་ཆུའི་གཟའ་འཁོར་སླེབས་མཚམས་སུ་ལྷ་ས་གྲོང་ཁྱེར་ཆུ་བེད་ཅུད་ཀྱིས་དྲིལ་བསྒྲགས་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   རྡོ་རྗེ་ཚེ་རིང་།      སྤེལ་དུས།   2019-03-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་གསུམ་པའི་ཚེས ༢༢ ཉིན་ནི་འཛམ་གླིང་གི་ཆུའི་ཉིན་མོ་སྐབས་ཉེར་བདུན་པ་དང་སྤྱི་ཟླ་གསུམ་པའི་ཚེས ༢༢ ཉིན་ནས ༢༨ བར་ནི་ཀྲུང་གོའི་ཆུའི་གཟའ་འཁོར་སྐབས་སོ་གཉིས་པ་ཡིན།  གྲོང་མིས་ཆུ་གྲོན་ཆུང་བྱེད་པའི་འདུ་ཤེས་གོང་མཐོར་གཏོང་ཆེད་ལྷ་ས་གྲོང་ཁྱེར་ཆུ་བེད་ཅུད་ཀྱིས་ལྷ་སའི་གཡུ་ཐོག་རྐང་ལམ་ཁུལ་དུ་ཆུ་གྲོན་ཆུང་བརྗོད་གཞི་གཙོ་བོར་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

ལྷ་ས་གྲོང་ཁྱེར་ཆུ་བེད་ཅུད་ཀྱི་ལས་དོན་མི་སྣས་བྱེད་སྒོ་སྤེལ་ཡུལ་ནས་འགྲོ་སྐྱོད་བྱེད་མཁན་གྲོང་མིར་དྲིལ་བསྒྲགས་ཡིག་ཆ་སྤྲད་ནས།  གྲོང་མི་ཚོར་ཆུའི་འབྱུང་ཁུངས་ལ་ཁྲིམས་བཞིན་སྲུང་སྐྱོང་བྱེད་དགོས་པ་དང་ཆུ་ནི་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་འགག་གནད་ཡིན་པ།  གཙང་པོ་དང་མཚེའུའི་ལམ་ལུགས་ལག་བསྟར་ཚུལ་བཞིན་བྱེད་དགོས་པ་སོགས་ཀྱི་འབྲེལ་ཡོད་ནང་དོན་སྒྲོག་འགྲེལ་བྱས་པ་མ་ཟད།  གྲོང་མིར་ཁོར་ཡུག་ལ་འབག་བཙོག་མི་འགྲོ་བའི་རས་ཁུག་སྤྲད་ནས་འགྱིག་སྣོད་སྤྱོད་མཚམས་བཞག་སྟེ་འབག་བཙོག་གཏན་འགོག་གི་གོམ་སྲོལ་བཟང་པོ་གཏོད་དགོས་པའི་སྐུལ་མ་ཡང་བྱས་ཡོད།

གྲོང་མི་ལྷག་པས།  ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་འབག་བཙོག་གཏན་འགོག་གི་དྲིལ་བསྒྲགས་འདི་བརྒྱུད་རང་ངོས་ནས་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱ་དགོས་རྒྱུའི་གལ་ཆེའི་རང་བཞིན་རྟོགས་བྱུང་ལ་ཁྱིམ་ཚང་ཚང་མས་རྣམ་ཀུན་ནས་ཆུ་ལ་གྲོན་ཆུང་བྱེད་དགོས་ངེས་ཡིན་པའི་སྣང་བ་ཡང་ཤར་བྱུང་།  དེར་བརྟེན་མ་འོངས་པའི་འཚོ་བའི་ཁྲོད་ཆུ་བེད་སྤྱོད་ཚུལ་བཞིན་བྱེད་པའི་གོམ་གཤིས་འཇགས་པ་བྱས་ཏེ།  རང་དཔེ་གཞན་སྟོན་ཐོག་ནས་ཉེ་འགྲམ་གྱི་སྤུན་མཆེད་དང་གྲོགས་པོ་ཚོར་ཆུ་ལ་གྲོན་ཆུང་བྱེད་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བཤད།།

  ༼  ཡིག་བསྒྱུར་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]