དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་༦༠སོང་ཚུན་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་ལ་གྲུབ་འབྲས་བཟང་པོ་ཐོབ།

ཡོང་ཁུངས།   བོད་ལྗོངས་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ རིང་།  རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་ལ་གྲུབ་འབྲས་བཟང་པོ་ཐོབ་པ་དང་འགན་ལེན་གསུམ་གྱི་འོས་འགན་སློབ་གསོའི་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་ཐུབ་པ།  ལོ ༡༥ ཡི་རིན་མེད་སློབ་གསོའི་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ།  སྐད་གཉིས་བུ་བཅོལ་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་པ།  ཤང་༼གྲོང་རྡལ༽ཁག་ཏུ་གཞི་གཅིག་ཅན་གྱི་འོས་འགན་སློབ་གསོ་བསྒྱུར་བཅོས་གོང་འཕེལ་གཏིང་ཟབ་བཏང་བ་བཅས་བྱས་པས།  སྤྱི་ལོ ༢༠༡༨ ལོར་སླེབས་དུས་ལྗོངས་ཡོངས་སུ་ན་ཆུང་བྱིས་པ་བུ་བཅོལ་ཁང་དུ་གཏོང་ཚད་བརྒྱ་ཆ ༧༧.༩ ཟིན་ཡོད་ལ།  ལོ་བཅོ་ལྔའི་འོས་འགན་སློབ་གསོ་དང་སློབ་ཆེན་སློབ་གསོ།  ལས་རིགས་སློབ་གསོ་སོགས་ཀྱང་དེར་མཚུངས་སུ་གོང་འཕེལ་བྱུང་ཡོད་པས།  བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་དང་བསྡུར་ན་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕེལ་རྒྱས་ཆེན་པོ་བྱུང་ཡོད།།

  ༼  ཡིག་བསྒྱུར་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]