བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་པའི་ལོ་རྒྱུས་ཀྱི་གནས་སྟངས་དང་ཕན་ནུས་ཀྱི་རིག་གཞུང་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཧོ་ཞི་ཡན།      སྤེལ་དུས།   2019-03-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བར་གཟབ་རྒྱས་ངང་དྲན་གསོ་ཞུ་ཆེད་དང་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་པའི་རླབས་ཆེའི་དོན་སྙིང་ཤེས་རྟོགས་གཏིང་ཟབ་ཐུབ་ཆེད།   སྤྱི་ཟླ་གསུམ་པའི་ཚེས ༢༠ ཉིན་གྱི་སྔ་དྲོ།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་པའི་ལོ་རྒྱུས་ཀྱི་གནས་སྟངས་དང་ཕན་ནུས་ཀྱི་རིག་གཞུང་སྙན་ཞུའི་ཚོགས་འདུ་བོད་རང་སྐྱོང་ལྗོངས་མཚན་ཉིད་རིག་པ་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་།  བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐུན་མོངས་ཐོག་འཚོགས་པ་རེད།  ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་དབུ་འཛིན་། རིག་གཞུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིབ་འཇུག་པ་ཀྲང་ཡུན་ནས་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་པའི་ལོ་རྒྱུས་ཀྱི་གནས་སྟངས་དང་ཕན་ནུས་བརྗོད་བྱ་གཙོ་བོར་བྱས་པའི་རིག་གཞུང་གི་སྙན་ཞུ་སྒྲོན་གནང་པ་རེད།

ཀྲང་ཡུན་ནས་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ཏེ་ལོ་ངོ་ ༦༠ ཡི་རིང་ཏང་ཀྲུང་དབྱང་གིས་རྟག་དུ་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོར་བྱམས་བརྩེའི་ཐུགས་ཁུར་གནང་བ།  རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་བྲལ་བའི་རོགས་སྐྱོར་གནང་བ།  བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་འབད་བརྩོན་བྱས་པ་བཅས་ཀྱི་འོག  བོད་ཀྱི་དཔལ་འབྱོར་བདེ་བླག་ངང་འཕེལ་རྒྱས་ཕྱིན་པ་དང་སྤྱི་ཚོགས་ཀྱི་རྣམ་པ་ཉིན་བཞིན་ཡར་རྒྱས་ཕྱིན་པ།  རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ།  མི་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་ཕྱིན་པ་བཅས་བྱུང་ནས།  བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་བདེ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་ལ།  ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་འབད་པ་ཧུར་ལེན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་སྐྱོད་ནས་གསར་བརྗེ་དང་འཛུགས་སྐྲུན།  བསྒྱུར་བཅོས་བཅས་ཀྱི་ལེའུ་གསར་པ་ཡང་རྩོམ་བཞིན་ཡོད་ཅེས་གསུངས།

ཞིབ་འཇུག་པ་ཀྲང་ཡུན་ནས་གནང་བའི་དོན་སྙིང་ཆེ་བའི་སྙན་ཞུའི་ནང་དོན་གསན་རྗེས་ཚོགས་ཞུགས་མི་སྣས་གཅིག་རྗེས་གཉིས་མཐུད་ངང་སྙན་ཞུའི་ནང་དོན་ལ་གོ་བ་གཏིང་ཟབ་ལོན་པ་བྱས་ཐོག་མེས་རྒྱལ་གྱི་ལྟ་བ་དང་མི་རིགས་ཀྱི་ལྟ་བ།  རིག་གནས་ཀྱི་ལྟ་བ།  ལོ་རྒྱུས་ཀྱི་ལྟ་བ་བཅས་རྒྱུན་ཆད་མེད་པར་བརྟན་པོ་བཙུགས་ནས།  ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུག་འདུན་དང་བོད་ཀྱི་ལེའུ་བརྩམ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ལུགས་བཤད།།

  ༼  ཡིག་བསྒྱུར་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]