ཁེ་གསུམ་གྲོང་ཚོས་ལོ་གཅིག་དུས་གཅིག་གི་གཉའ་གཅོག་མཛད་སྒོ་གཉེར།

ཡོང་ཁུངས།   བོད་ལྗོངས་འཕྲིན་དྲ།       རྩོམ་པོ།   ཝང་ལིའི།      སྤེལ་དུས།   2019-03-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དཔྱིད་དཔལ་ས་གཞི་ཁྱོན་ལ་བཞད་པ་དང་བསྟུན་ནས་སྐྱེ་དངོས་སྣ་ཚོགས་ཀྱང་དགུན་དུས་ཀྱི་གཉིད་ལས་བསད་དེ་མགོ་བོ་འབུར་འབུར་དུ་ཐོན་བཞིན་ཡོད་པའི་མཚམས་འདིར་གངས་ལྗོངས་ས་མཐོའི་ཕྱོགས་གང་སར་དཔྱིད་རྨོད་ཀྱི་ལས་ལ་བྲེལ་འགོ་ཚུགས་ཡོད།  སྤྱི་ཟླ ༣ ཚེས ༡༦ ཉིན་ནི་བོད་ས་ཕག་ལོའི་བོད་ཟླ་དང་པོ་ཕྱི་མའི་ཚེས་བཅུ་ཡིན་ལ།  བོད་ཀྱི་སྐར་རྩིས་ལ་གཞིགས་ན་དཔྱིད་རྨོད་ཀྱི་དུས་བཟང་ཀྱང་ཡིན་པས་གངས་ལྗོངས་ས་མཐོའི་ས་ཕྱོགས་ཁག་གི་ཞིང་ཁུལ་དུ་བཀྲ་ཤིས་གཡང་ཆགས་ཀྱི་གཉའ་གཅོག་མཛད་སྒོ་གཟབ་རྒྱས་ངང་སྤེལ་བཞིན་ཡོད།  ཉིན་དེར་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་གྲོང་ཚོའི་གྲོང་མིས་གཟབ་མཆོར་ལེགས་པར་སྤྲས་པ་དང་།  ལག་ཏུ་དཀར་གཙང་ཁ་བཏགས་དང་ཞིམ་པོའི་ནས་ཆང་འཁྱེར་ནས་དགའ་སྤྲོའི་འཁོལ་བའི་ངང་ནས་གཉའ་གཅོག་མཛད་སྒོ་གཟབ་རྒྱས་སྤེལ་ཏེ།  ཆར་ཆུ་དུས་སུ་འབབ་པ་དང་ཞིང་ལ་ལོ་ལེགས་ཡོང་བའི་བཀྲ་ཤིས་སྨོན་འདུན་དང་བཅས་པར་རེ་བའི་སོན་འབྲུ་ཡང་ས་གཞིའི་པང་དུ་བཤོས་ཡོད།།

བསངས་སྤྲིན་དུ་བཞག་ནམ་མཁར་འཁྲིགས། ཆར་ཆུ་དུས་སུ་འབབ་པར་རེ།

ལྷ་རྒྱལ་གཟེངས་སུ་འཐེན་པ་འདི། ལོ་ལེགས་རྩ་བ་ཚུགས་པར་སྨོན།

  ༼  ཡིག་བསྒྱུར་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]