ཆེ་དགྲ་ལྷས་རང་ལྗོངས་ཀྱི་ལས་རིགས་སློབ་གྲྭ་ཁག་ཏུ་སློབ་མའི་ལས་ཞུགས་ལས་གཏོད་སོགས་མཁྱེན་རྟོགས་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་དུ་རང་ལྗོངས་ཀྱི་ལས་རིགས་སློབ་གསོའི་ལས་དོན་ཐད་བརྟག་ཞིབ་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཅང་ཇེ་དང་ཧྲེ་མའུ་ཅུན་རྣམ་གཉིས་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད། 
ཆེ་དགྲ་ལྷས་སྔ་རྗེས་སུ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དང་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གླིང་གཉིས་པ།  ལྷ་ས་གྲོང་ཁྱེར་སྤྱི་པའི་ལས་རིགས་རྩལ་ནུས་དངོས་སྦྱོང་ལྟེ་གནས་སོགས་སུ་ཕེབས་ཏེ་དགེ་སློབ་ཚོ་དང་བཀའ་མོལ་གནང་ནས་ཆེད་ལས་བཀོད་སྒྲིག་དང་།  ཐོན་ལས་དང་སློབ་གསོ་མཉམ་འདྲེས།  སློབ་གྲྭ་དང་ཁེ་ལས་མཉམ་ལས།  སློབ་མའི་ལས་ཞུགས་ལས་གཏོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། 
ཆེ་དགྲ་ལྷས་བརྟག་ཞིབ་གནང་རིང་།  ལས་རིགས་སློབ་གསོ་གོང་འཕེལ་གཏོང་རྒྱུ་དེ་ནི་ཁ་ཚ་དགོས་གཏུགས་ཤིག་རེད་ལ་ཕུགས་ཕན་གྱི་ཐབས་ཇུས་ཤིག་ཀྱང་ཡིན་པས།  རྒྱལ་ཁབ་ནས་ལས་རིགས་སློབ་གསོ་གོང་འཕེལ་གཏོང་བའི་གོ་སྐབས་ང་ཚོས་དམ་འཛིན་བྱས་ཏེ་བློ་ཐག་ཆོད་པོ་དང་ནུས་ཤུགས་ཡོད་རྒུས་ལས་རིགས་སློབ་གསོའི་སྒྲིག་གཞི་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་གཏོང་བ་དང་།  དེང་རབས་ལས་རིགས་སློབ་གསོ་གོང་འཕེལ་ཇེ་མགྱོགས་སུ་གཏོང་བ།  སྤུས་ལེགས་ཀྱི་ལས་རིགས་ལག་རྩལ་སློབ་གསོའི་མཁོ་སྤྲོད་མང་དུ་གཏོང་བ་བཅས་བྱེད་དགོས་པ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ།  རང་ལྗོངས་ཀྱི་ལས་རིགས་སློབ་གསོ་སྐྱོན་བྲལ་གོང་འཕེལ་ལ་ཚད་བཀག་ཐེབས་པའི་གནད་དོན་འཚོལ་ཞིབ་དང་གསལ་རྟོགས་བྱས་ཐོག  ལོ་ལྔ་ཚན་བཅུ་བཞི་པའི་ལས་རིགས་སློབ་གསོའི་སྤྱི་ཡོངས་འཆར་འགོད་སྔ་སྣུར་དུ་ཞིབ་བཟོ་བྱས་ནས།  སྤྱི་ཚོགས་ཡོངས་ཀྱི་ལས་རིགས་རྩལ་ནུས་སྦྱོང་བརྡར་མ་ལག་འཛུགས་རྒྱུར་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]