བློ་བཟང་རྒྱལ་མཚན་གྱིས་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ད་ལོའི་གཙོ་གནད་ལས་ཀ་བཀོད་སྒྲིག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་རླུང་འཕྲིན་དྲ།      སྤེལ་དུས།   2019-03-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་རྒྱ་ཆེའི་ཚོགས་འདུ་བསྐོང་ཚོགས་གནང་བ་དང་།  ཚོགས་འདུའི་ཐོག  མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ་དང་།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ད་ལོའི་གཙོ་གནད་ལས་ཀར་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད། 
བློ་བཟང་རྒྱལ་ཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་།  འགན་འཁུར་ཕོད་པ་དང་ལས་དོན་སྤེལ་ཕོད་པའི་ཐོག་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཏང་འཛུགས་ལས་དོན་ཁག་སྤུས་ལེགས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། 
ལྗོངས་ཡོངས་ཀྱི་སྤྱི་ཡོངས་དང་དམ་པོར་བསྟུན་ནས་སྤུས་འབོར་གཉིས་ལྡན་ངང་རྒྱུན་ལས་ཨུ་ལྷན་ཀྱི་ཁྲིམས་འཛུགས་དང་ལྟ་སྐུལ།  འཐུས་མི་སོགས་ཀྱི་གཙོ་གནད་ལས་ཀར་སྐུལ་འདེད་གཏོང་བ་དང་དབུལ་གྲོལ་འགག་སྒྲོལ་ལས་ཀར་ཞབས་ཞུ་ནུས་ལྡན་སྒྲུབ་ནས།  ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མཛད་ཇུས་བཀོད་སྒྲིག་གལ་ཆེན་ཇི་མ་ཇི་བཞིན་དུ་དོན་འཁྱོལ་ཐུབ་པ་བྱེད་དགོས་པ།  རྒྱུན་བསྲིངས་ལྷོད་མེད་ངང་ཏང་འཛུགས་ལས་ཀར་དམ་འཛིན་བྱེད་པ་མ་ཟད་སྤྱོད་ཚུལ་བཞིའི་གནད་དོན་དང་།  ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་བཅོས་སྒྲིག་ཏན་ཏིག་བྱས་ཐོག  མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་གཞི་རིམ་ཏང་འཛུགས་ལས་ཀར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཏེ་ཟོལ་མེད་དང་སྤྱོད་གཙང་།  འགན་འཁུར་ཕོད་པ་བཅས་ཀྱི་མི་དམངས་འཐུས་ཚོགས་ལས་བྱེད་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]