བསྟན་གོས་སྦྲ་ཆེན་རྫོང་དང་སོག་རྫོང་དུ་དབུལ་གྲོལ་འགག་སྒྲོལ་ལས་དོན་སོགས་ལ་བརྟག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་རིང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་གོ་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དང་སོག་རྫོང་དུ་ཕེབས་ནས།  དབུལ་གྲོལ་འགག་སྒྲོལ་ཐད་ཀྱི་ཆེད་དོན་ལས་ཀར་གཟིགས་ཞིབ་དང་ལྡོག་འདྲེན་གནད་དོན་བཅོས་སྒྲིག་བྱས་ཚུལ་ཐད་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ་རེད།  སྦྲ་ཆེན་རྫོང་དང་སོག་རྫོང་གི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་བསྟན་གོས་གཞི་རིམ་ལས་བྱེད་པ་དང་དགོན་སྡེའི་གྲྭ་བཙུན་དང་བཞུགས་མོལ་སྤེལ་རེས་གནང་སྟེ།  སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྤེལ་རྒྱུ་དང་དགོན་སྡེ་དོ་དམ་ལས་དོན་ལེགས་བཅོས་གཏིང་ཟབ་བྱེད་རྒྱུ།  ཚད་གཞི་བཞིར་བརྩི་སྲུང་ཞུས་ནས་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པའི་སློབ་གསོ་ལག་ལེན་བྱེད་སྒོར་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ་བཅས་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]