ཆེ་དགྲ་ལྷས་མི་དམངས་མང་ཚོཌ་ལ་སྨན་བཅོས་ཞབས་ཞུ་སྒྲུབ་པ་དང་བདེ་ཐང་འཚོ་བའི་ཐད་ཀྱི་དགོས་མཁོ་གང་ལེཌ་སྐོང་དགོས་གསུངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་འཕྲོད་བསྟེན་བདེ་ཐང་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས།  གནད་དོན་འཛིན་ཕྱོགས་རྒྱུན་འཁྱོངས་ངང་མང་ཚོགས་ཚོའི་དགོས་མཁོ་དང་གཞི་རིམ་རེ་འདུན་དང་དམ་པོར་བསྟུན་ཏེ།  བསྒྱུར་བཅོས་གསར་གཏོད་གཏིང་ཟབ་སྤེལ་བ་དང་གོང་འཕེལ་གྱི་ཞན་ཆ་གསབ་སྟེ།  རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ལ་སྨན་བཅོས་ཞབས་ཞུ་དང་བདེ་ཐང་འཚོ་བའི་ཐད་ཀྱི་དགོས་མཁོ་གསར་པ་སྐོང་དགོས་པའི་ནན་གསུངས་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལོ་མེ་ཚོགས་འདུར་ཕེབས་ཡོད། 
ཆེ་དགྲ་ལྷས་རིམ་ཁག་ཚན་པ་ཁག་ནས་ནུས་ཤུགས་གང་ཡོད་འདོན་པ་དང་ནུས་པས་ལྕོགས་ཚོད་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འཕྲོད་བསྟེན་བདེ་ཐང་གི་སྤྱི་པའི་ཐོན་ཁུངས་གཞི་རིམ་ལ་འཕར་གཟིགས་བྱས་ཏེ།  ལྗོངས་ཡོངས་ཀྱི་མི་དམངས་མང་ཚོགས་ལ་བདེ་ཐང་ཞབས་ཞུ་ཏན་ཏིག་སྒྲུབ་སྟེ་མི་རེའི་ཚེ་ཚད་རིང་དུ་གཏོང་གང་ཐུབ་བྱེད་དགོས་པ་དང་།  འཕྲོད་བསྟེན་བདེ་ཐང་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་འཕྲོད་བསྟེན་བདེ་ཐང་ལས་དོན་ནང་གི་དཀའ་གནད་ཆེ་ས་ཐག་གཅོད་ཧུར་ཐག་བྱེད་དགོས་པ།  སྔོན་ཐོན་གྱི་ཉམས་མྱོང་སློབ་སྦྱོང་དང་ཚན་རྩལ་གྱི་འདེགས་སྐྱོར་ཤུགས་ཆེར་བཏང་ནས་གཞི་རིམ་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས་པ།  འགན་འཁྲིའི་ངེས་གནས་ཁ་གསལ་བཟོས་ཏེ་བདེ་ཐང་དབུལ་སྐྱོར་གྱི་འགག་སྒྲོལ་ལས་དོན་ཏན་ཏིག་སྤེལ་དགོས་པ།  སྐུལ་ལྕག་སྲིད་ཇུས་ཁག་དོན་འཁྱོལ་འཐུས་ཚང་ཡོང་བ་བྱས་ནས།  གཞི་རིམ་སྨན་བཅོས་འཕྲོད་བསྟེན་དཔུང་ཁག་སྟོབས་ཆེར་འཛུགས་སྐྱོང་བྱེད་དགོས་པ་དང་ཚན་པའི་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་སྟེ།  རང་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་གོང་འཕེལ་ཡོང་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]