ལྗོངས་སྲིད་གྲོས་ཏང་ཙུས་ད་ལོའི་ཚོཌ་འདུ་ཐེངས་དང་པོ་ཚོཌ་ཏེ་རྒྱལ་ཡོངས་ཚོཌ་འདུ་གཉིས་ཀྱི་དགོངས་དོན་སོཌ་ལ་སློབ་སྦྱོང་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༧ ཉིན།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡས་ཤན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་སྤྱི་ལོ ༢༠༡༩ ལོའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་འཐུས་མི་ཚོགས་པའི་ཚོགས་ཆུང་གྲོས་བསྡུར་དང་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་།  ཀྲུའུ་ཞི་དབང་ཡང་གིས་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད།  རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སོགས་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་ཐད་ཀྱི་བསམ་འཆར་ལ་ཞིབ་འཇུག་གནང་བ་རེད། 
ཏིང་ཡས་ཤན་ནས་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཐེ་ཞུགས་ལས་ཁུངས་ཁག  རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་དང་རྒྱལ་ཡོངས་སྲིད་གྲོས།  ལྗོངས་ཏང་ཨུད་དང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡིས་བཀོད་སྒྲིག་བྱས་པའི་སྤྱི་ལོ ༢༠༡༩ ལོའི་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས་པ་དང་།  དར་ཆ་གསལ་སྟོན་བྱས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱེད་རྒྱུ་དེ་གནས་བབ་ཨང་དང་པོར་བཞག་ནས།  སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པ་བྱེད་རྒྱུ་དེ་རྩ་བའི་ཆབ་སྲིད་ལས་འགན་ལ་བརྩི་བ་དང་།  འདུ་ཤེས་བཞི་བརྟན་པོ་འཛུགས་པ་དང་གདེང་ཚོད་བཞི་བརྟན་དུ་གཏོང་བའི་གཅིག་བསྡུས་ཀྱི་མངོན་ཚུལ་ལ་བརྩི་དགོས་པ།  ཀྲུང་གོ་གུང་ཁྲན་ཏང་གི་གལ་ཆེའི་བྱ་བའི་དགོངས་དོན་སྐོར་གྱི་སྙན་ཞུའི་སྲོལ་ཡིག་སློབ་སྦྱོང་ལག་བསྟར་བྱེད་རྒྱུར་དམ་འཛིན་བྱས་ཏེ།  བྱ་ཐབས་ཞིབ་ཕྲ་བཟོས་ནས་དོན་འཁྱོལ་བྱེད་པ་དང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ།  གཏན་འབེབས་དང་ལམ་ལུགས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། 
ཚོགས་འདུའི་ཐོག་ད་དུང་ཨུ་ཡོན་དང་འབྲེལ་བ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བྱ་ཐབས་ཁག་ལ་ཞིབ་འཇུག་གྲོས་བསྡུར་ཀྱང་བྱས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]