རླབས་ཆེའི་མཆོང་སྐྱོད། བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༧ ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་ནས་སྤེལ་བའི་རླབས་ཆེའི་མཆོང་སྐྱོད།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་།  སྤྱི་ལོ ༢༠༡༨ ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་དེ་བསྡུར་གཞི་ཡོད་པའི་རིན་ཐང་ལ་རྩིས་ན་སྤྱི་ལོ ༡༩༥༩ ལོ་ལས་ལྡབ ༡༩༡ ཙམ་འཕར་ཡོད་ཅེས་འཁོད་ཡོད། 
རྒྱབ་ཤ་དཀར་པོའི་དེབ་ནང་ལོ་ངོ་ ༦༠ རིང་གི་འབད་བརྩོན་བརྒྱུད།  བོད་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་ཐད་འགྱུར་ལྡོག་ཆེན་པོ་བྱུང་ནས་དེང་རབས་ཅན་དུ་འགྱུར་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།  ཞིང་ལས་དང་ནགས་ལས།  འབྲོག་ལས།  ཉ་ལས་བཅས་ཀྱི་འཕར་ཐང་དེ་སྤྱི་ལོ ༡༩༥༩ ལོའི་སྒོར་དུང་ཕྱུར ༡.༢ ནས་སྤྱི་ལོ ༢༠༡༨ ལོའི་སྒོར་དུང་ཕྱུར ༡༣༤ བར་དང་།  འབྲུ་རིགས་ཐོན་འབབ་སྤྱི་ལོ ༡༩༥༩ ལོའི་ཀྲོན་ཁྲི་ཚོ ༡༨.༢ ནས་སྤྱི་ལོ ༢༠༡༨ ལོའི་ཀྲོན་ཁྲི་ཚོ ༡༠༤ བར།  སྤྱི་ཆིང་རེའི་འབྲུ་རིགས་ཐོན་ཚད་སྤྱི་རྒྱ ༡༣༧༠ ནས་སྤྱི་ལོ ༢༠༡༨ ལོའི་སྤྱི་རྒྱ ༥༦༨༨ བར།  བཟོ་ལས་ཀྱི་འཕར་ཐང་སྤྱི་ལོ ༡༩༥༩ ལོའི་སྒོར་ཁྲི་ཚོ ༡༥༠༠ ནས་སྤྱི་ལོ ༢༠༡༨ ལོའི་སྒོར་དུང་ཕྱུར ༡༡༤ བར་བཅས་འཕར་ཡོད་ཅེས་འཁོད་ཡོད། 
རྒྱབ་ཤ་དཀར་པོའི་དེབ་ནང་།  སྤྱི་ལོ ༢༠༡༨ ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༡༤༧༧.༦༣ ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་ཐང་ལ་རྩིས་ན།  སྤྱི་ལོ ༡༩༥༩ ལོའི་སྒོར་དུང་ཕྱུར ༡.༧༤ ལས་ལྡབ ༡༩༡ ཙམ་འཕར་ཡོད་ཅེས་འཁོད་ཡོད། 
རྒྱབ་ཤ་དཀར་པོའི་དེབ་ནང་དེང་སྐབས་བོད་དུ་གཞུང་ལམ་དང་ལྕགས་ལམ།  མཁའ་འགྲུལ་བཅས་ཀྱིས་གཙོ་བོ་བྱེད་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་ཞིག་སྤྱིར་ན་ཆགས་ཡོད།  སྤྱི་ལོ ༢༠༡༨ ལོའི་ལོ་འཇུག་བར་བོད་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ ༩༧༨༠༠ ཟིན་ཡོད་པ་དང་།  སྤྱི་ལོ ༢༠༠༦ ལོར་མཚོ་བོད་ལྕགས་ལམ་གྱི་གོར་མོ་ནས་ལྷ་ས་བར་གྱི་ལྕགས་ལམ་སྐྲུན་པ་དེས་བོད་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་མ་ཟད།  སྤྱི་ལོ ༢༠༡༤ ལོར་ལྷ་གཞིས་ལྕགས་ལམ་སྐྲུན་ཟིན་པ་དང་ལྷ་ཉིང་ལྕགས་ལམ་སྐྲུན་བཞིན་ཡོད་ཅེས་འཁོད་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]