ད་ལོ་རང་ལྗོངས་ཀྱིས་སྒོར་དུང་ཕྱུར༥༣བཏང་ནས་ཤིན་ཏུ་དབུལ་བའི་ས་ཁུལ་ཏུ་གློག་དྲ་བསྐྲུན་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་དུ་ཧྥུའུ་སྟོང་ཚན ༡༠ དང་དེ་མན་གྱི་གློག་དྲ་འགྱུར་བཟོའི་ལས་གཞི་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་ཐོག་ནས།  བོད་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་ཏུ་སྤྱི་ལོ ༢༠༡༩ ལོའི་གློག་དྲ་འཛུགས་སྐྲུན་ཁྱོན་ཡོངས་ནས་འགོ་ཚུགས་པ་མཚོན་གྱི་ཡོད།  ལས་གཞི་དེར་ཁྱོན་མ་དངུལ་སྒོར་ཁྲི་ཚོ ༥༦༨ བཏང་པ་དང་སྤྱི་ལོ ༢༠༢༠ ལོའི་ལོ་སྟོད་དུ་སྐྲུན་ཟིན་ནས་བེད་སྤྱོད་ཐུབ་བཟོ་ཡོད།  གློག་དྲ་བེད་སྤྱོད་ཐུབ་རྗེས་ཉི་མ་རྫོང་འདི་ཉིད་རྒྱལ་ཁབ་གློག་དྲའི་གློག་དྲ་ཆེ་མོ་ཁྱབ་པའི་ཁོངས་སུ་ཚུད་ནས།  རྫོང་དེ་ཡོངས་ཀྱི་དུད་ཚང་༩༨༨ ཀྱི་མི ༥༠༠༠ ལྷག་ཙམ་ལ་གློག་ཤུགས་མཁོ་སྤྲོད་གང་ལེགས་ཐུབ་རྒྱུ་རེད།

ངོ་སྤྲོད་བྱས་པར་གཞིགས་ན།  སྤྱི་ལོ ༢༠༡༩ ལོར་མ་འཇོག་སྒོར་དུང་ཕྱུར ༣༦.༣ ལྷག་བྱས་ཏེ་ནག་ཆུར་བསྐྲུན་རྒྱུའི་གློག་དྲའི་ལས་གཞིའི་རྣམ་གྲངས ༦༠ ཡོད་པ་དེ་དག  ནག་ཆུའི་རྫོང་༼ ཆུས ༽༡༡ ལ་ཁྱབ་རྒྱུ་དང་ཤང་༼ གྲོང་རྡལ ༽༨༠ ཡི་མི་འབོར་ཁྲི་ཚོ ༢༢.༩ ཕན་པ་ཐོབ་རྒྱུ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  བོད་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་ཏུ་སྤྱི་ལོ ༢༠༡༩ ལོའི་གློག་དྲ་འཛུགས་སྐྲུན་ལས་གཞིའི་ཐད་ཁྱོན་མ་དངུལ་སྒོར་དུང་ཕྱུར ༥༣ བཏང་ནས་ཧྥུའུ་སྟོང་ཚན ༣༥ དང་དེ་ཡན་གྱི་གློག་འགྱུར་ས་ཚིགས ༦༦ བསྐྲུན་རྩིས་ཡོད་པས།  གློག་གཏོང་སྐུད་ལམ་སྤྱི་ལེ ༣༢༠༠ ཙམ་དང་གློག་འགྱུར་གཤོང་ཚད་ཧྥུའུ་ཨན་སྟོང་ཚན་ཁྲི་ཚོ ༣༠ ཟིན་རྒྱུ་དང་།  ཧྥུའུ་སྟོང་ཚན ༡༠ དང་དེ་མན་གྱི་གློག་གཏོང་སྐུད་ལམ་སྤྱི་ལེ ༣༨༠༠ གསར་སྐྲུན་དང་ཡང་ན་འགྱུར་བཟོ་བྱེད་རྒྱུ་རེད།  ད་ལོའི་ལོ་མཇུག་ཏུ་སླེབས་དུས་བོད་ཀྱི་གློག་དྲ་ཨ་མ་དེ་རྫོང་༼ ཆུས ༽ ༦༦ ཚང་མར་ཁྱབ་རྒྱུ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]