ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུས་རང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ལྟ་སྐུལ་པའི་དོ་དམ་བྱ་ཐབས་ཞིབ་བཟོ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།      སྤེལ་དུས།   2019-03-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༦ ཉིན།  རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུས་ཚོགས་འདུ་ཐེངས་བདུན་པ་འཚོགས་ནས།  རྒྱལ་ཡོངས་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་།  རང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ལྟ་སྐུལ་པའི་དོ་དམ་བྱ་ཐབས་ཞིབ་བཟོ་བྱས་པ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་གཞོན་པ་འཇམ་དཔལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། 
ཚོགས་འདུའི་ཐོག  རིམ་ཁག་ལས་རིགས་ཁག་དང་ཚན་པ་ཁག་ནས་དབུལ་གྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དང་མངོན་གསལ་དོད་པའི་ཞན་ཆར་བཏང་འཛིན་ཏན་ཏིག་བྱས་ཏེ།  བློ་བརྟན་འགྱུར་མེད་ངང་དབུལ་གྲོལ་འགག་སྒྲོལ་ལས་དོན་གཏིང་ཟབ་སྤེལ་རྒྱུ་དང་གནད་འཕིགས་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།  བཅོས་སྒྲིག་གི་ཕན་འབྲས་དང་གཙོ་གནད།  ལས་འགན་བརྗེ་བསྒྱུར།  ལམ་སྲོལ་འཛུགས་སྐྱོང་བཅས་སྔར་བས་མངོན་ཆེར་འཛིན་ཏེ་ཚད་གཞི་མཐོ་པོ་དང་སྤུས་ཚད་ལེགས་པོའི་སྒོ་ནས་བཅོས་སྒྲིག་ལས་དོན་ལེགས་སྒྲུབ་བྱེད་དགོས་པ།  དབུལ་གྲོལ་འགག་སྒྲོལ་གྱི་ལྟ་སྐུལ་པ་འདེམས་མངགས་བྱེད་པའི་ཚད་གཞི་ནན་དུ་གཏོང་བ་དང་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་གཏོང་བ།  ལས་སྒོ་གཙོ་བོར་དམིགས་པ།  སྦྲེལ་མཐུད་ཡག་པོ་བྱེད་པ།  དཔྱད་ཞིབ་ཚད་ལྡན་བཟོ་བ་བཅས་བྱས་ཏེ་སྔར་བས་འཐུས་སྒོ་ཚང་བའི་ལྟ་སྐུལ་ལམ་སྲོལ་འཛུགས་དགོས་པ།  རང་སྐྱོང་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་གཞུང་ལས་ཁང་ནས་དབུལ་གྲོལ་འགག་སྒྲོལ་ཐད་ཀྱི་འབྲེལ་ཡོད་བསམ་འཆར་ལ་ཞིབ་འཇུག་ནན་ཏན་བྱེད་དགོས་པ་མ་ཟད།  བཀོད་འདོམས་པུར་པར་འགྲེམས་ལག་བསྟར་བྱེད་རྒྱུར་འབུལ་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད།།
  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]