ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ས་གཙང་འབྱུང་འཕྲོད་ཐོན་ལས་གླིང་གི་རིག་ནུས་བསྟར་ཕྲེང་དྲོད་ཁང་ཁུལ་བསྐྲུན་ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-27

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཁྱོན་མ་དངུལ་སྒོར་དུང་ཕྱུར ༢.༣༨ བཏང་བ་དང་ས་ཁྱོན་མུའུ ༡༣༧ བཟུང་བའི་རང་རྒྱལ་གྱི་རིག་ནུས་བསྟར་ཕྲེང་དྲོད་ཁང་ཁུལ་ཆེ་ཤོས་ཏེ་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ས་གཙང་འབྱུང་འཕྲོད་ཐོན་ལས་གླིང་གི་རིག་ནུས་བསྟར་ཕྲེང་དྲོད་ཁང་ཁུལ་ཉེ་དུས་བསྐྲུན་ཟིན་པ་རེད།  ད་བར་རིག་ནུས་བསྟར་ཕྲེང་དྲོད་ཁང་ཁུལ་གྱི་བྱེད་ནུས་ཁག་གཅིག་འཐུས་ཚང་དུ་བཏང་ཟིན་ནས་སྤྱི་ཟླ ༣ པའི་ཚེས ༡༧ ཉིན་བཟའ་བཏུང་ཁུལ་དང་ཚགས་ཤ་མྱོང་རོལ་ཟ་ཁང་བཅས་དངོས་སུ་གཉེར་སྐྱོང་བྱས་པ་དང་།  དེ་མིན་གྱི་བྱེད་ནུས་ཁུལ་ཁག་སྒྲིག་ཆས་འབྱོར་རྗེས་གཅིག་མཇུག་གཉིས་མཐུད་ངང་གཉེར་སྐྱོང་བྱེད་རྒྱུ་དང་རྣམ་གྲངས་ཡོངས་སྤྱི་ཟླ ༥ པའི་ཚེས་གཅིག་ཉིན་དངོས་སུ་གཉེར་སྐྱོང་བྱེད་འགོ་འཛུགས་རྒྱུ་རེད།

ཆུ་ཤུར་རྫོང་ཚལ་སྣེ་ས་གཙང་འབྱུང་འཕྲོད་ཐོན་ལས་གླིང་གི་རིག་ནུས་བསྟར་ཕྲེང་དྲོད་ཁང་ཁུལ་གྱི་འགན་འཁུར་བ་བྱམས་སྒྲོན་ནས་ངོ་སྤྲོད་བྱས་པར་གཞིགས་ན།  རིག་ནུས་བསྟར་ཕྲེང་དྲོད་ཁང་ཁུལ་དེ་བྱེད་ནུས་ཐོག་ནས་རིག་གནས་མྱོང་རོལ་ཁུལ་དང་རིག་སྟོབས་ཞིང་ལས་ཚོད་འཛིན་ལྟེ་གནས།  བོད་ལུགས་དང་ཀྲུང་ལུགས་སྨན་རྒྱུ་མྱོང་རོལ་ཁུལ།  བོད་ལུགས་དང་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་ཁུལ།  ཆུའི་ཐོན་རྫས་གསོ་སྤེལ་ཁུལ་བཅས་ལ་དབྱེ་ཡོད།  རྣམ་གྲངས་དེ་དངོས་སུ་གཉེར་སྐྱོང་བྱས་རྗེས་ས་ཆ་དེ་གའི་མང་ཚོགས་ལ་ཞབས་ཞུ་སྒྲུབ་རྒྱུ་མ་ཟད།  བོད་དུ་ཡུལ་སྐོར་ལ་ཡོང་མཁན་ཚོར་སྤྲོ་གསེང་དང་ལྟ་སྐོར།  རོལ་རྩེད་བཅས་ཀྱི་བྱེད་སྒོ་སྤེལ་ས་མཁོ་འདོན་བྱེད་རྒྱུ་དང་ཆབས་ཅིག་ཆུ་ཤུར་རྫོང་གི་རིག་གནས་དང་ཡུལ་སྐོར།  བོད་ལུགས་གསོ་རིག་སོགས་ཁྱད་ལྡན་ཐོན་ལས་གོང་འཕེལ་ཡོང་རྒྱུར་སྔར་བས་སྐུལ་ཁྲིད་ཐེབས་པ་བྱས་ནས།  དབུལ་ཕོངས་མང་ཚོགས་ལ་ལས་ཞུགས་ཀྱི་གོ་སྐབས་མང་པོ་མཁོ་འདོན་དང་ཁོ་ཚོ་འབབ་འཕར་ཡོང་བ་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]