ལོ་ངོ་༦༠ཚུན་རང་ལྗོངས་སུ་ནས་ཀྱི་ཐོན་འབབ་མཐོ་རུ་ཤུགས་ཆེ་ཕྱིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་སྨན་གྲོང་སྒང་གྲོང་ཚོའི་མང་ཚོགས་ཚོས་རྨོད་གཉའ་གཅོག་པའི་མཛད་སྒོ་གཉེར་བ་རེད།  ནས་ནི་བོད་ཀྱི་འབྲུ་རིགས་གཙོ་བོ་ཞིག་ཡིན་པས་བོད་དུ་སྤྱིའི་འབྲུ་རིགས་ཀྱི་འདེབས་ཁྱོན་དང་ཐོན་ཚད་ཀྱི་བརྒྱ་ཆ ༨༠ ཟིན་གྱི་ཡོད།

མཚོ་བོད་ས་མཐོར་ནས་ཀྱི་འདེབས་འཛུགས་ལ་ལོ་ངོ་ ༣༥༠༠ ལོ་རྒྱུས་ཡོད་པ་དང་།  བོད་དུ་ནས་དང་འབྲེལ་བའི་དམངས་གཞས་དང་སྒྲུང་གཏམ་ཡང་ཧ་ཅང་དར་ཁྱབ་ཆེན་པོ་ཡོད།  དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་ཞིང་ལས་ཐོན་སྐྱེད་ཀྱི་ཆུ་ཚད་རྗེས་ལུས་ཡིན་པར་བརྟེན་ཐོན་འབབ་དེ་ཙམ་མཐོ་པོ་མེད།  ནས་ཀྱི་ཐོན་འབབ་མང་དུ་གཏོང་ཆེད་བོད་ལྗོངས་ཚན་རྩལ་ལས་དོན་པས་སྤྱི་ལོ ༡༩༦༥ ལོ་ནས་བཟུང་ཚོད་ལྟ་ཐེངས་མང་བྱས་པ་བརྒྱུད།  ད་ཆ་བོད་ནས་ཨང་ ༢༠༠༠ པ་དང་ཧི་མ་ལ་ཡ་ཨང་ ༢༢ པ།  ལྷོ་ཁའི་དགུན་གྲོ་ཨང་ ༧ པ།  དགུན་ནས་ཨང་ ༡༨ པ་སོགས་སོན་བཟང་མང་པོ་ཁྱབ་གདལ་བཏང་སྟེ།  ནས་ཀྱི་སྤུས་ཚད་སྔར་བས་ལེགས་པ་དང་ཐོན་སྐྱེད་བྱེད་སྟངས་དེང་རབས་ཅན་ལ་གྱུར་ཐུབ་པ་བྱུང་ཡོད།

དེང་སྐབས་བོད་དུ་ནས་འདེབས་ཁྱོན་མུའུ་ཁྲི་ཚོ ༢༠༠ ལྷག་ཙམ་ཟིན་པར་སོན་བཟང་འདེབས་ཚད་བརྒྱ་ཆ ༧༠ ཡན་ཟིན་པ་དང་།  མུའུ་རེར་ནས་ཀྱི་ཐོན་ཚད་སྤྱི་ལོ ༡༩༨༠ ལོའི་སྤྱི་རྒྱ ༡༥༠ ནས་ད་ཆའི་སྤྱི་རྒྱ ༣༡༩ བར་མང་དུ་ཕྱིན་པ་མ་ཟད།  ལྗོངས་ཡོངས་སུ་སྤྱི་ལོ ༡༩༨༠ ལོའི་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཀྲོན་ཁྲི་ཚོ ༥༠.༥ ནས་ཀྲོན་ཁྲི་ཚོ ༩༥ ཡན་འཕར་སྣོན་བྱུང་ཡོད།

རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་ཐིང་ཀྲང་ཏུའུ་རྗེ་ནས།  ལོ་མང་གོང་འཕེལ་བཏང་བ་བརྒྱུད་བོད་དུ་ནས་མཁོ་སྤྲོད་སྤྱིར་ན་རང་རྐྱ་འཕེར་བ་བྱུང་ཡོད།  ནས་ཀྱི་རིན་ཐང་གཏོད་པ་དང་ཁས་ལེན་བྱུང་བ་བརྒྱུད་ཐོན་ལས་འཁོར་སྦྲེལ་རྒྱུན་ཆད་མེད་པར་བསྣུར་བསྲིངས་བྱུང་སྟེ།  ནས་ཀྱི་དགོས་མཁོ་ལོ་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་ཅེས་གསུངས།

བོད་ལྗོངས་ཀྱིས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་ལ་བརྟེན་ནས།  ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞིའི་གོང་འཕེལ་འཆར་འགོད་བཟོས་ཏེ།  ནས་ཀྱི་རྨང་གཞིའི་ཐོན་ལས་གོང་འཕེལ་གྱི་ངེས་གནས་གཏན་འཁེལ་བྱས་པ་དང་ནས་ཐོན་འཕར་བྱ་སྤྱོད་འཆར་གཞི་ཡང་བཟོས་ཡོད།  གཞན་ཡང་ལོ་མང་རིང་རྒྱལ་ཁབ་ནས་སོན་བཟང་ཁ་གསབ་དང་ཁྱབ་གདལ།  ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སོགས་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱས་པ་བརྒྱུད།  ཞིང་པས་ནས་འདེབས་འཛུགས་བྱེད་པའི་ཧུར་སེམས་ཤུགས་ཆེ་འཕེལ་ཐུབ་པ་བྱུང་ཡོད།  དེ་དང་ཆབས་ཅིག་ནས་ཀྱི་འཚོ་བཅུད་དང་སྨན་བཅོས་བདེ་སྲུང་ནུས་པ་རྒྱུན་ཆད་མེད་པར་ཤེས་རྟོགས་བྱུང་བས་ནས་ཀྱི་ཐོན་རྫས་ཐོན་སྐྱེད་བྱེད་པའི་ལག་རྩལ་དང་བཟོ་རྩལ།  ཐོན་རྫས་བཅས་གསར་པ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་གཏོང་ཤུགས་ལོ་རེ་བཞིན་ཆེ་རུ་ཕྱིན་ཏེ།  ནས་འདི་ཉིད་ཐོན་ལས་ཅན་གྱི་གོང་འཕེལ་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱུང་ཡོད།  དེང་སྐབས་བོད་དུ་ནས་ལས་སྣོན་ཁེ་ལས ༣༧ ཡོད་པ་དང་ནས་ལས་སྣོན་ཐུབ་ཚད་ཀྲོན་ཁྲི་ཚོ ༡༡.༡ དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༡༡.༡ ཟིན་པ་དང་།  སྐབས་རིམ་བྱུང་གི་ཞིང་ལས་ཐོན་རྫས་ཚོང་འདུས་ཐོག་ནས་ལས་སྣོན་གྱི་ཐོན་རྫས་ལ་གསེར་གྱི་བྱ་དགའ་ཁག་དྲུག་ཐོབ་ཡོད།

རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་དབུ་འཛིན་ཉི་མ་བཀྲ་ཤིས་ནས་ངོ་སྤྲོད་གནང་བར་གཞིགས་ན།  ནས་འདི་ཉིད་བོད་ཀྱི་ཁྱད་ལྡན་ལོ་ཏོག་ཅིག་ཡིན་པའི་ངོས་ནས་གསར་གཏོད་ཀྱི་ལམ་བུའི་ཐོག་སྐྱོད་འགོ་ཚུགས་པ་མ་ཟད་ཐོན་ལས་ཅན་གྱི་གཉེར་སྐྱོང་ཐད་ཕྱོགས་འགྱུར་ཡང་བྱུང་ཡོད།  ཞིང་འབྲོག་ཚན་རིག་ཁང་གིས་ནས་ཀྱི་ཐོན་རྫས་སྣེ་ཁ ༡༠༠ ལྷག་ཙམ་དང་ཐོན་སྐྱེད་ཁེ་ལས་ཀྱིས་ནས་ཀྱི་ཐོན་རྫས་སྣེ་ཁ ༩ ཞིབ་འཇུག་གསར་སྤེལ་བྱས་པ་དང་།  རང་སྐྱོང་ལྗོངས་རིམ་པའི་གྲགས་ཅན་ཚོང་རྟགས་འབོར་ཆེན་བཏོད་པས་ནས་ཀྱི་ཐོན་རྫས་ལ་འཛད་སྤྱོད་པས་དགའ་པོ་བྱེད་ཀྱི་ཡོད།  ནས་ཀྱི་ཐོན་ལས་ལ་གོང་འཕེལ་གཏོང་ཤེད་ལྡན་པས་གོམ་སྟབས་རྗེས་མར་བོད་ལྗོངས་ཀྱིས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ནས་ཀྱི་སོན་བཟང་ཁྱབ་གདལ་གཏོང་རྒྱུར་སྔར་བས་ཤུགས་སྣོན་རྒྱག་རྒྱུ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]