རང་ལྗོངས་ཀྱིས་དབུལ་གྲོལ་འགག་སྒྲོལ་གྱི་ལས་ཀར་སྐུལ་འདེད་ཏན་ཏིག་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཚོགས་འདུ་ཐེངས་བཞི་པ་འཚོགས་ནས།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཁྲོད་ཚོགས་པ་དང་ཚོགས་ཆུང་གི་གྲོས་ཞིབ་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་དབུལ་གྲོལ་འགག་སྒྲོལ་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།  ལྗོངས་ཏང་ཨུད་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས ༨༩ པའི་ཐོག་ཝུའུ་དབྱིང་ཇེ་ཡིས་གནང་བའི་དབུལ་གྲོལ་འགག་སྒྲོལ་སྐོར་གྱི་བཀའ་སློབ་བླང་བྱ་སོགས་སློབ་སྦྱོང་ལག་བསྟར་བྱས་པ་དང་།  ལྗོངས་ཡོངས་ཀྱི་སྐོར་གཟིགས་བཅོས་སྒྲིག་ལས་ཀའི་འཕེལ་རིམ་གནས་ཚུལ་བརྡ་ཁྱབ་བཏང་བ་མ་ཟད་དུས་མཚམས་རྗེས་མའི་ལས་དོན་ཁག་བཀོད་སྒྲིག་ཀྱང་བྱས་པ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་བཅོས་སྒྲིག་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲོང་ཡན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་རིམ་ཁག་ཚན་པ་ཁག་གིས་ངེས་པར་དུ་ལས་ཀའི་གཙོ་གནད་དམ་འཛིན་ནན་པོ་བྱས་ནས།  བཅོས་སྒྲིག་ལས་དོན་ཁག་ལ་གཅིག་གྱུར་འཆར་འགོད་ངང་སྐུལ་འདེད་གཏོང་དགོས་པ་དང་།  སྲིད་ཇུས་ལེགས་སྒྲིག་འཐུས་ཚང་ཡོང་རྒྱུ་དམ་པོར་འཛིན་ནས་དབུལ་གྲོལ་འགག་སྒྲོལ་གྱི་སྒྲིག་སྲོལ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས་པ།  ཞིབ་དཔྱད་རྩིས་ལེན་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་བཅོས་སྒྲིག་ལ་ཕན་འབྲས་བཟང་པོ་ཐོན་ཐུབ་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]