མོན་པ་རིགས་ཀྱི་མང་ཚོགས་ཚོས་སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་སྐྱོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སླད་མོན་པ་མི་རིགས་ཤང་འདི་ཉིད་ལེགས་པོ་རོང་དུ་གནས་ཡོད་པ་དང་།  ས་བབ་མཚོ་སྣ་རྫོང་གྲོང་ལས་སྤྱི་ཁྲེ ༤༣༠༠ ཡིས་དམའ་བ་ཡོད་ལ་ལམ་རྒྱུད་དུ་གངས་རི་དང་ནགས་ཚལ།  རྦབ་ཆུ་སོགས་ཀྱི་མཛེས་ལྗོངས་མཐོང་རྒྱུ་ཡོད། 
སླད་མོན་པ་མི་རིགས་ཤང་གི་ཇ་ལོ་ནི་སྦག་བཙོག་མེད་པའི་ཁར་ལེགས་པོ་རོང་གི་དམིགས་བསལ་གནམ་གཤིས་ཆ་རྐྱེན་འོག་ཇ་ལོ་འདེབས་འཛུགས་བྱེད་རྒྱུར་ཧ་ཅང་འཚམས་པོ་ཡོད་པས།  མང་ཚོགས་ཚོས་སྐྱེ་ཁམས་ཁོར་ཡུག་ལེགས་ཆར་བརྟེན་ནས་ཇ་ལོ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བས་སྤྱི་ལོ ༢༠༡༨ ལོར་ཤང་དེའི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི་ཚོ ༤༨༡ ཟིན་པའི་ནང་ཇ་ལོ་ཕྱིར་འཚོང་བྱས་པའི་ཡོང་འབབ་སྒོར་ཁྲི་ཚོ ༢༤༢ ཟིན་ཡོད།  
མག་མག་མོན་པ་མི་རིགས་ཤང་གི་ཤང་ཀྲང་པད་མ་དབྱངས་ཅན་ནས།  ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་འོག་སྤྱི་ལོ ༢༠༡༨ ལོར་མག་མག་ཤང་གི་སྐྱེ་ཁམས་ཡུལ་སྐོར་གོང་འཕེལ་ཡག་པོ་བྱུང་ནས།  མང་ཚོགས་ཚོ་རང་ས་རང་ཡུལ་ནས་ཡོང་འབབ་གསོག་ཐུབ་པ་བྱུང་སྟེ་ལོ་དེ་རང་ལ་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་ཚོ ༡༡༩ བྱུང་ཡོད་ལ།  མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་ནས་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ཉེ་བའི་ལོའི་ནང་།  རྒྱལ་ཁབ་ནས་མ་དངུལ་སྒོར་ཁྲི་ཚོ ༨༨༠༠ ལྷག་ཙམ་བཏང་སྟེ་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱས་པ་མ་ཟད།  མང་ཚོགས་རྣམས་སྐྱེ་ཁམས་ཡུལ་སྐོར་འཛུགས་སྐྱོང་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་བརྒྱུད་ད་ཆ་མག་མག་ཤང་དུ་ཞིང་ཁྱིམ་སྤྲོ་ཁང་ ༤༩ དང་ཟ་ཁང་ ༥  ཇ་ཁང་ ༥ བཅས་འཕེལ་རྒྱས་བྱུང་བ་དང་།  ན་ནིང་ཤང་ཡོངས་ཀྱི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར་ཁྲི ༡.༩ ལས་བརྒལ་ཡོད་ཅེས་གསུངས། 
པད་མ་དབྱངས་ཅན་ནས།  ལོ་ངོ་ ༦༠ ཡི་གོང་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་པ་དེས་མོན་པ་རིགས་ཀྱི་མང་ཚོགས་ཚོ་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་ཡོད།  ད་ཆ་ཏང་དང་སྲིད་གཞུང་ནས་ང་ཚོར་རྒྱབ་སྐྱོར་ཤུགས་ཆེ་བྱེད་ཀྱི་ཡོད་པས།  ངས་ཀྱང་གྲོང་མི་ཚོའི་སྣེ་ཁྲིད་དེ་མཐའ་མཚམས་དང་ནགས་ཚལ་སྲུང་སྐྱོང་ཡག་པོ་བྱས་ནས།  བླ་མེད་རྩ་ཆེའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]