རང་ལྗོངས་ཀྱིས་དབུལ་སྐྱོར་ཞལ་འདེབས་མ་དངུལ་དོ་དམ་དང་བེད་སྤྱོད་བྱེད་སྟངས་ཚད་ལྡན་བཟོས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཆེད་དོན་ཚོགས་འདུ་ཐེངས་དྲུག་པ་འཚོགས་གནང་བ་དང་།  ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་དབུལ་སྐྱོར་ཞལ་འདེབས་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས་ཀྱི་གྲོས་བསྡུར་མ་ཟིན་ལ་ཞིབ་འཇུག་བྱས་ནས།  དབུལ་སྐྱོར་ཞལ་འདེབས་མ་དངུལ་དོ་དམ་དང་བེད་སྤྱོད་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ།  དབུལ་གྲོལ་འགག་སྒྲོལ་ལས་ཀར་རོགས་འདེགས་གང་ཐུབ་བྱེད་རྒྱུ་རེད།

ཚོགས་འདུའི་ཐོག་འབྲེལ་ཡོད་ཚན་པ་ཁག་གིས་རང་འཁྲིའི་འགན་འཁྲི་ཁ་གསལ་བཟོ་བ་དང་རྒྱལ་ཁབ་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ལས་དོན་སྤེལ་སྟངས་དང་ཉམས་མྱོང་ལ་དཔེ་ཡག་པོ་བལྟས་ཐོག  རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་དབུལ་སྐྱོར་གནད་འཕིགས་ཀྱི་བླང་བྱར་དམིགས་པ།  དབུལ་སྐྱོར་དང་དམངས་སྲིད།  དགེ་སྒྲུབ་སོགས་ཕྱོགས་ཁག་ལ་གཅིག་གྱུར་འཆར་འགོད་ཐོག་ནས་བསམ་གཞིགས་བྱེད་པ།  དབུལ་སྐྱོར་ཞལ་འདེབས་ཀྱི་དོ་དམ་བྱ་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ།  བྱ་ཐབས་དེ་ཚན་རིག་དང་མཐུན་པ་དང་དོན་གཉེར་ཡིན་པ།  མ་ལག་ཆ་ཚང་བ་བཅས་ཡོང་བ་བྱེད་དགོས་པ་དང་།  བྱ་ཐབས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་ལས་དོན་སྤེལ་མགྱོགས་སུ་བཏང་ནས།  སྤྱི་ཚོགས་ཀྱི་དབུལ་སྐྱོར་ལས་དོན་ཡག་པོ་སྤེལ་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་ནན་བཤད་བྱས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]