ལྷོ་ཁར་དངུལ་རྩའི་ཚན་པས་དབུལ་སྐྱོར་ཡིད་རྟོན་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར༣ཡན་ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དབུལ་སྐྱོར་གནད་འཕིགས་ལས་དོན་ཁྲོད་དངུལ་རྩའི་འདེགས་སྐྱོར་གྱི་ནུས་པ་བཟང་པོ་འདོན་སྤེལ་གང་ལེགས་བྱ་ཆེད།  ཉེ་ལམ་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱིས་དངུལ་རྩའི་དྲ་བ་སྔར་བས་འཐུས་ཚང་བཟོས་ཏེ་མ་དངུལ་བསྡུ་རྒྱུག་གི་ཞབས་ཞུ་ལེགས་སུ་དང་དངུལ་རྩའི་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས།  དངུལ་རྩའི་དབུལ་སྐྱོར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་འབྲོག་ཁུལ་ཏུ་དངུལ་རྩའི་ཞབས་ཞུའི་ཆེད་ལས་ཚན་ཁག་བཙུགས་ཏེ།  དབུལ་ཕོངས་དུད་ཚང་ལ་དངུལ་རྩའི་ཞབས་ཞུའི་དགོས་མཁོའི་ཡིག་ཚགས་བཟོ་བའི་ལས་དོན་དང་ཞིང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཞུའི་ལས་དོན་ཟུང་འབྲེལ་བྱས་ནས་ཁྱོན་ཡོངས་ལ་ཁྱབ་པ་བྱས་ཅིང་།  ད་བར་ལྷོ་ཁར་དངུལ་རྩའི་དགོས་མཁོའི་ཡིག་ཚགས་བཟོས་པའི་དབུལ་ཕོངས་དུད་ཚང་ ༡༩༢༠༠ ཟིན་པ་དང་མི་ཐེངས ༧༨༠༠ ཡི་ཆ་འཕྲིན་བསྡུ་རུབ་བྱས་པ་མ་ཟད།  གནད་འཕིགས་དབུལ་སྐྱོར་གྱི་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར ༣.༣ བཏང་པ་རེད།  དེ་དང་ཆབས་ཅིག་བོད་རྒྱ་སྐད་ཡིག་གཉིས་ཀྱི་འཆད་འཁྲིད་ཚོགས་པ་བཙུགས་པ་དང་དངུལ་རྩའི་མཚན་སློབ་གཉེར་བ་སོགས་ཀྱི་བྱ་ཐབས་བརྒྱུད།  དངུལ་རྩའི་སྲིད་ཇུས་ཤེས་བྱ་ཞིང་འབྲོག་མང་ཚོགས་ནས་ཤེས་ཚད་མཐོ་རུ་ནུས་ལྡན་བཏང་ཞིང་།  སྔ་ཕྱི་བསྡོམས་དངུལ་རྩའི་སྲིད་ཇུས་དྲིལ་བསྒྲགས་ཀྱི་ཀློག་དེབ ༤༠༠༠༠ ལྷག་ཙམ་སྤྲད་པ་དང་།  འཕྲིན་ཕྲན་གྱི་ཆ་འཕྲིན་ཐེངས ༡༠༠ ལྷག་ཙམ་སྤེལ་བས་ཞིང་འབྲོག་ཁུལ་དུ་ཕན་པ་ཐོབ་ཚད་བརྒྱ་ཆ ༩༥ ཡན་ཟིན་ཡོད།

ཞིང་འབྲོག་ཁུལ་གྱི་དངུལ་རྩའི་དཀའ་ངལ་ཐག་གཅོད་ནུས་ལྡན་བྱ་ཆེད།  ལྷོ་ཁ་གྲོང་ཁྱེར་གྱིས་ས་ཁོངས་སྒྲོལ་བའི་དཔལ་འབྱོར་དང་དངུལ་རྩ་ཟུང་འབྲེལ་དང་དངུལ་རྩ་དང་གྲོང་གསེབ་གློག་རྡུལ་ཚོང་ལས་ཟུང་འབྲེལ་སོགས་མ་དངུལ་བསྡུ་རྒྱུག་བྱེད་སྟངས་ཁྱབ་གདལ་བཏང་སྟེ།  འཆར་འགོད་ནང་གི་དབུལ་སྐྱོར་གནད་འཕིགས་ཀྱི་དངུལ་བུན་སྒོར་དུང་ཕྱུར ༣.༧༤ དང་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་ལ་དངུལ་བུན་སྒོར་དུང་ཕྱུར ༥ བཏང་བས།  ཞིང་འབྲོག་ཁུལ་གྱི་དུད་ཚང་ལ་དངུལ་བུན་དོན་འཁྱོལ་ཐུབ་ཚད་དང་བློ་ཡིད་འཚིམ་ཚད་བརྒྱ་ཆ ༩༦ ལས་བརྒལ་ཡོད།  དེ་བཞིན་ཚོད་ལྟ་ལག་བསྟར་བྱས་པ་བརྒྱུད་གྲ་ནང་རྫོང་གིས་སྔོན་དང་པོར།  ས་ཆ་མ་རྐང་ནང་ཞུགས་པ་དང་།  ཞོར་ལས་ཀྱི་ཡོང་འབབ།  གཏན་འཇགས་ཁེ་སྤོགས།  ཁེ་ལས་དང་ཞིང་དུད་ཟུང་འབྲེལ་བཅས་བྱ་ཐབས་བཞི་བཟུང་ནས་དབུལ་ཕོངས་དུད་ཚང་དང་ཁེ་ཕན་འབྲེལ་བའི་ལམ་སྲོལ་བཙུགས་ཏེ།  མ་དངུལ་སྒོར་དུང་ཕྱུར ༥ ལྔ་བཏང་ནས་ཐོན་ལས་རྣམ་གྲངས ༢༥ དོན་འཁྱོལ་བྱས་ཏེ།  དབུལ་ཕོངས་མི་འབོར ༣༠༠༠ ལྷག་ཙམ་ལ་སྐུལ་ཁྲིད་ཐུབ་ཅིང་མི་རེའི་ཆ་སྙོམས་འབབ་འཕར་སྒོར ༥༠༠༠ ཡན་ཟིན་ཡོད་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]