ད་ལོའི་རང་ལྗོངས་ཀྱི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྒྲོག་འགྲེལ་བྱེད་སྒོ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༩ ལོར་རང་སྐྱོང་ལྗོངས་ཀྱིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོའི་དྲིག་བསྒྲགས་ལས་དོན་ཡག་པོ་སྤེལ་ཆེད།  ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་གཅིག་གྱུར་བཀོད་སྒྲིག་འོག  རང་སྐྱོང་ལྗོངས་ཀྱི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྒྲོག་འགྲེལ་ཚོགས་པའི་སྦྱོང་བརྡར་འཛིན་གྲྭ་སྤྱི་ཟླ ༣ པའི་ཚེས ༡༥ ཉིན་ནས་སྤྱི་ཟླ ༤ པའི་ཚེས ༣ ཉིན་བར་ལྷ་སར་གཉེར་བ་རེད།  ད་ཐེངས་ཀྱི་བྱེད་སྒོ་དེ་ཐེངས་བཞི་ལ་དབྱེ་ཡོད་པ་དང་ཐེངས་རེར་མི ༣༠༠ ལ་སྦྱོང་བརྡར་སྤྲད་དེ་ཁྱོན་མི་གྲངས ༡༢༠༠ ཚུད་ཡོད་པས་ལྗོངས་ཡོངས་ཀྱི་ཤང་གྲོང་རྡལ་རེའི་རྐང་འཛིན་སྒྲོག་འགྲེལ་པ་རེ་ཡན་ལ་སྦྱོང་བརྡར་ཐེབས་པ་བྱས་ཡོད།  སྦྱོང་བརྡར་གྱི་མི་སེམས་འགུགས་ཤུགས་དང་ཐེ་ཞུགས་བྱེད་ཚད།  ཕན་འབྲས་རང་བཞིན་བཅས་ཆེ་རུ་གཏོང་ཆེད།  སྦྱོང་བརྡར་གྱི་རྣམ་པ་དང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།  

ཤེས་རྟོགས་བྱས་པར་གཞིགས་ན།  ད་ཐེངས་སྦྱོང་བརྡར་ཐོག་སྨྱན་སྦྱོར་གསར་པ་བེད་སྤྱོད་བྱེད་རྒྱུ་དེས་གསར་གཏོད་བྱ་ཐབས་བྱས་ནས་དུས་ཐེངས་བཞིའི་སྦྱོང་བརྡར་ཁྲོད་རིགས་གཞུང་སྒྲོག་སྦྱངས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་།  སྒྲོག་འགྲེལ་མཁས་པའི་གཞི་རིམ་སློབ་མ ༡༣ བདམས་པ་དེ་དག་གིས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་སྨྱན་སྦྱོར་ཆེད་ལས་སྒྲ་འཇུག་ཁང་དུ་སྒྲོག་འགྲེལ་གྱི་ནང་དོན་སྒྲ་འཇུག་བྱས་ནས་དྲ་ཐོག་ཏུ་སྤེལ་བ་དང་།  ལག་ལེན་བྱེད་སྒོ་དེ་གཞི་རྟེན་གལ་ཆེན་ལ་བརྩིས་ཏེ་སློབ་མ་རྣམ་སྒྲིག་འཛུགས་བྱས་ནས།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་གླུ་གར་དགོང་ཚོགས་གུང་ཁྲན་ཏང་ཕེབས་པས་སྡུག་བསྔལ་བདེ་ལ་གྱུར་ཞེས་པ་དང་།  བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་ལ་ལྟ་བར་འཁྲིད་ནས་བོད་གསར་རྙིང་བསྡུར་བའི་སློབ་གསོ་གཏིང་ཟབ་བཏང་བ་བརྒྱུད།  ཏང་གི་བཀའ་དྲིན་འཚོར་བ་དང་ཏང་གི་ཁ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་རྒྱུའི་སློབ་མ་ཚོའི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]