ལོ་ངོ་༦༠ཡི་འོད་སྟོང་འབར་བའི་གྲུབ་འབྲས་དེ་ལམ་ལུགས་ཀྱི་ཁྱད་འཕགས་ལ་བརྟེན་ནས་བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༤ པའི་ཚེས ༥ ཉིན།  བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བར་དྲན་གསོ་ཞུ་བའི་མུ་འབྲེལ་དཔྱད་གཏམ་ཁག་དགུ་པ།  ལོ་ངོ་ ༦༠ ཡི་འོད་སྟོང་འབར་བའི་གྲུབ་འབྲས་དེ་ལམ་ལུགས་ཀྱི་ཁྱད་འཕགས་ལ་བརྟེན་ནས་བྱུང་བ་ཞིག་རེད་ཅེས་པ་བཀོད་ཡོད། 
རྩོམ་ཡིག་ནང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་མི་དམངས་ཀྱི་གཙོ་རྐང་གནས་འབབ་འགན་སྲུང་གང་ལེགས་བྱས་ནས།  རྒྱ་ཆེའི་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན།  གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱས་ཡོད།  བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཚོས་མུན་ནག་རྗེས་ལུས་ཀྱི་བོད་རྙིང་པ་དེ་དྲ་རྒྱས་གོང་འཕེལ་གྱི་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པར་འགྱུར་བ་དང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་གསོན་ཤུགས་རབ་ཏུ་འཕེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལམ་སྲོལ་ཞིག་གཏོད་དེ་ཐོན་སྐྱེད་ནུས་ཤུགས་ལ་གོང་འཕེལ་ཤུགས་ཆེ་བཏང་བ།  དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཚོས་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་འགྲོ་བའི་དེང་རབས་ཤེས་དཔལ་གྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ།  ཀྲུང་དབྱང་ནས་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟུང་བ།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྐྱོར་གནད་འཕིགས་ལག་བསྟར་གཏིང་ཟབ་བྱས་ནས་དབུལ་པོ་དང་ཕྱུག་པོའི་དབར་གྱི་ཧེ་བག་ཆུང་དུ་བཏང་སྟེ་ཐུན་མོང་འབྱོར་ཕྱུག་ཡོང་བ་བྱས་པ་བཅས་མ་ཟད།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་ཐོག་དོན་ཆེན་སྒྲུབ་པ་དང་།  མདུན་བསྐྱོད་འགྲོ་ལམ་ཁྲོད་འཕྲད་པའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཁྱད་བསད་བྱས་པ།  ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་འཚོགས་ཏེ་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ལྗོངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ།  གཟིགས་སྐྱོང་སྲིད་ཇུས་དང་མི་ཤུགས།  ནོར་ཤུགས།  དངུལ་ཤུགས་བཅས་ཀྱི་ཐོག་ནས་བོད་ལྗོངས་ཀྱི་གོང་འཕེལ་ལ་འགུལ་ཤུགས་གསར་པ་སྤྱིན་པ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་།  རྒྱལ་ཁབ་གཅིག་གྱུར་བཅས་ལ་སྲུང་སྐྱོང་བྱས་པ།  བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་ཐོག་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཤིག་སྤྱི་ཡོངས་ནས་གཏོད་དེ།  ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་བརྟན་པོ་བཟུང་བ་བཅས་ཀྱང་བྱས་ཡོད་ཅེས་འཁོད་ཡོད། 
རྩོམ་ཡིག་ནང་།  བོད་ལ་དུས་ཐུང་ལོ་ངོ་བཅུ་གྲངས་ནང་ལོ་ངོ་སྟོང་གི་མཆོང་བསྐྱོད་ཕྱིན་པའི་རླབས་ཆེའི་གྲུབ་འབྲས་ཐོབ་པ་ལས།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བསྡུར་ཐབས་བྲལ་བའི་ཁྱད་འཕགས་རང་བཞིན་ར་སྤྲོད་གང་ལེགས་ཐུབ་པ་དང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་རྒྱུ་དེ་ལོ་རྒྱུས་གོང་འཕེལ་གྱི་ཆོས་ཉིད་དང་མཐུན་ཡོད་ལ།  བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཚོའི་རྩ་བའི་ཁེ་ཕན་དང་ཡང་མཐུན་ཡོད།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གོང་འཕེལ་རྒྱུན་ཆད་མེད་པར་འགྲོ་བ་དང་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་ཡར་རྒྱས་འགྲོ་བ་དང་བསྟུན་ནས།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དེ་སྔར་བས་མངོན་གསལ་དོད་དུ་འགྲོ་ངེས་རེད་ལ།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འདི་ཉིད་བོད་དུ་ལག་ལེན་བྱེད་པར་སྔར་བས་ལམ་ལྷོངས་ཡོང་ངེས་རེད་ཅེས་འཁོད་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]