ད་ལོ་ཅང་སུའུ་ཞིང་ཆེན་གྱིས་བོད་སྐྱོར་རྣམ་གྲངས༦༦ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར༨.༧ཙམ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༣ ཉིན།  ཅང་སུའུ་ཞིང་ཆེན་གྱིས་ད་ལོ་ལྷ་ས་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཁག་སྟག་རྩེ་ཆུས་གྲོང་གསེབ་གློག་རྡུལ་ཚོང་དོན་ཟོག་འགྲེམས་ཞབས་ཞུ་ལྟེ་གནས་སྐྲུན་ཡུལ་དུ་གཅིག་བསྡུས་ཐོག་སྐྲུན་འགོ་ཚུགས་པ་རེད།  ད་རེས་སྐྲུན་འགོ་ཚུགས་པའི་རྣམ་གྲངས་ཁག ༦༦ ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར ༨.༦༧༣༣ གཏོང་རྒྱུ་ཡིན་པའི་ནང་ནས་རང་ལྗོངས་སུ་གནད་འཕིགས་དབུལ་སྐྱོར་དང་མི་རིགས་མཐུན་སྒྲིལ།  དམངས་འཚོ་ལེགས་བཅོས།  རིག་གནས་སྤེལ་རེས།  གཞི་རིམ་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་ཐད་མ་དངུལ་སྒོར་དུང་ཕྱུར ༣.༦༦༧ གཏོང་རྒྱུ་རེད། 
ཅང་སུའུ་ཞིང་ཆེན་གྱིས་ལོ་ལྔ་ཚན་བཅུ་གསུམ་པའི་བོད་སྐྱོར་འཆར་འགོད་དང་ཟུང་འབྲེལ་བྱེད་པ་དང་།  བོད་སྐྱོར་རྣམ་གྲངས་དང་མ་དངུལ་བཀོད་སྒྲིག་བྱེད་རྒྱུའི་ནང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པའི་རིགས་ཀྱི་རྣམ་གྲངས ༢༠ དང་།  སྤྱི་ཚོགས་བྱ་བཞག་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་རིགས་ཀྱི་རྣམ་གྲངས ༢༠ བཅས་ཁྱད་ལྡན་ལེགས་ཆའི་ཐོན་ལས་གོང་འཕེལ་བཏང་ནས།  གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་སུ་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་རིགས་ཀྱི་རྣམ་གྲངས ༡༢ དང་རིགས་ནུས་རོགས་སྐྱོར་རིགས་ཀྱི་རྣམ་གྲངས ༤  སྤེལ་རེས་དང་འགྲོ་འོང་། མཉམ་འདྲེས་བཅས་རིགས་ཀྱི་རྣམ་གྲངས ༩ སོགས་སྐྲུན་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]